མདོ་ལ་རྫོང་གིས་རྟའི་ཐོན་ལས་ཀྱི་ཕན་འབྲས་སྦྲེལ་ཐག་ལ་གསོན་ཤུགས་བསྩལ།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“འཛམ་གླིང་གི་ཆེས་མཛེས་པའི་རྩྭ་ཐང”གི་སྐྱེ་ཁམས་རྩ་བ་ལ་གཞི་ཚུགས་ཤིང་། “རྟའི་ཐོན་ལས+”འཕེལ་རྒྱས་འཐབ་ཇུས་གསར་གཏོད་སྒོས་ལག་བསྟར་བྱས། རྟའི་ཐོན་ལས་འཕེལ་རྒྱས་དང་མི་རིགས་རིག་གནས། སྐྱེ་ཁམས་ཡུལ་སྐོར། འགྲན་སྡུར་བྱེད་སྒོ། ཁམས་གསེང་ཉམས་ལེན། ལྗང་མདོག་ཐོན་རྫས་བཅས་སྐྱེ་ལྡན་ཟུང་འབྲེལ་སྒོས“འགྲན་སྡུར་སྣེ་ཁྲིད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། ཐོན་ལས་སྣུར་སྲིང”གི་འཕེལ་རྒྱས་རྣམ་པ་བཙུགས་ནས་འབྲོག་ལས་ཡུལ་སྐོར་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྔར་བས་སྐུལ་འདེད་བཏང་།
“རྟ་རྒྱུག+”ལ་བརྟེན་ནས་འབྲོག་ལས་ཡུལ་སྐོར་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཆེས་མཛེས་པའི་མདོ་ལ་རིང་མོའི་རྩྭ་ཐང་དང་ཕུན་སུམ་ཚོགས་པའི་ཕྱུགས་ལས་ཐོན་ཁུངས་གཞི་རྟེན་དུ་བྱས་ནས“ཡུལ་གྲོང་གཅིག་ལ་ཆས་རྟགས་གཅིག”གི་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ་དང་ཟུང་འབྲེལ་སྒོས་རྫོང་ཡོངས་ཀྱི་ཡུལ་གྲོང་དང་སྡེ་བ་སོ་སོའི་རྒྱ་ཆེའི་མང་ཚོགས་རྩ་འཛུགས་སྒོས་ལོ་རེར་བཞིན་མདོ་ལ་རྫོང“མཚོ་སྔོན་གྱི་ལིང་རྟགས་མ”ཡི་མདོ་ལ་རིང་མོའི་མཚོ་སྔོན་གྱི་ལིང་རིམ་འདས་མཉམ་འགྲན་དང་། ནཱ་ཏམ་དགྱེས་འཛོམས། “སྲོལ་རྒྱུན་འབྲོག་པའི་རྟ་རྒྱུག་འགྲན་སྡུར”སོགས་སྲོལ་རྒྱུན་མི་རིགས་ལུས་རྩལ་འགྲན་སྡུར་བྱེད་སྒོ་སྤེལ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཚུན་དུ། རྫོང་ཡོངས་སུ་རིགས་མི་འདྲ་བའི་ལུས་རྩལ་འགྲན་སྡུར་བྱེད་སྒོ་ཐེངས100ལྷག་སྤེལ། བཟའ་བཏུང་དང་ཞག་སྡོད། འགྲིམ་འགྲུལ། ཕྱུགས་ལས་སོགས་ལས་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཞིང་། ཡུལ་སྐོར་བའི་སྣ་མང་ཅན་གྱི་ཉམས་ལེན་རང་བཞིན་གྱི་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་བསྐངས། འགྲན་སྡུར་སྤེལ་ནས་གྲོགས་པོ་འཛོམས་ཤིང་རྟ་ལ་བརྟེན་ནས་ཐོན་ལས་དར་སྤེལ་གྱི་དམིགས་འབེན་སྙེག་ནས་འབྲོག་ལས་ཡུལ་སྐོར་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།
“རྟ་ཁྲིད་དཔལ་འབྱོར”ལ་བརྟེན་ནས་འབྲོག་ལས་ཡུལ་སྐོར་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། འབྲོག་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་སྐུལ་འདེད་འོག བཅིབས་རྟའི་མཐུན་ཚོགས་དང་གྲོང་གསེབ་ཡུལ་སྐོར་སྣེ་ལེན་གནས། རྩྭ་ཐང་ངལ་གསོ་ས་ཚིགས་བཅས་གཞི་རྟེན་དུ་བྱས་ནས“རྟ་ཁྲིད་དཔལ་འབྱོར”གྱི་ཕྱུག་འགྱུར་ལམ་བུ་གསར་བ་བཏོད། ད་ལྟ་བཙུན་མོ་གཞོང་གྲོང་རྡལ་དང་མཁར་དམར་གྲོང་རྡལ། ཨ་རིག་ཡུལ་ཚོ། མུ་རི་གྲོང་རྡལ་སོགས་གྲོང་གསེབ་ཡུལ་སྐོར་སྣེ་ལེན་གནས་དང་རྩྭ་ཐང་ངལ་གསོ་ས་ཚིགས་སུ་ཁེ་ལས་ཀྱིས་སྡོམ་པའི་རྟ800ལྷག་སྐྱོང་བཞིན་ཡོད། ཡུལ་སྐོར་བྲིན་པའི་དུས་ཚིགས་སུ་རྟ་རེའི་ཡོང་སྒོ་ཉིན་གཅིག་ལ་སྒོར300ཡིན། ཉིན་གཅིག་གི་མ་མཐའི་ཡོང་སྒོ་ཁྲི24ཡོད། རྫོང་ཡོངས་ཀྱི་ཡུལ་གྲོང་སོ་སོའི་འགྲིམ་འགྲུལ་དང་ཞག་སྡོད། བཟའ་བཏུང་སོགས་དང་དེ་ལས་རྒྱ་ཆེ་བའི་ཁྱབ་ཁོངས་ཀྱི་སླར་གསོ་ལ་ཕན་འབྲས་ལྡན་པའི་སྐུལ་ཁྲིད་བྱས། དེ་དང་ཆབས་ཅིག བཙུན་མོ་སྒང་དང་བློན་པོ་བྱ་རྒོད། མཁར་དམར་གནའ་གྲོང་སོགས་མཛེས་ལྗོངས་ཁུལ་གཙོ་བོ་རུ་རྟ130ལྷག་བཏང་ཞིང་ལྗོངས་ཁུལ་མཐའ་སྐོར་གྱི་རོང་འབྲོག་པ160ལྷག་ཟབ་ཞུགས་བྱས་ཤིང་། ཡོང་སྒོ་སྒོར་ཁྲི270ལྷག་ལ་སླེབས།
“ལས་གཞི་འཛུགས་སྐྲུན”ལ་བརྟེན་ནས་འབྲོག་ལས་ཡུལ་སྐོར་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དེ་ཐོན་ལས་ལེགས་ཆ་རུ་བསྒྱུར་བ་དང་ས་གནས་ཀྱི་རོང་འབྲོག་པའི་མང་ཚོགས་འབབ་འཕར་ལ་སྐུལ་འདེད། མདོ་ལའི་ཡུལ་སྐོར་ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད2024ལོར་སྡོམ་པའི་མ་དངུལ་སྒོར་ཁྲི193བཏང་ནས་མདོ་ལ་རྫོང་ཨ་རིག་དང་མཁར་དམར། མུ་རི་གྲོང་རྡལ་སོགས་ཚད་ལྡན་ཅན་གྱི་རྟ་རྒྱུག་ར་བ་བཙུགས་ལ། རིགས་མི་གཅིག་པའི་ནང་དོན་གྱི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་བྱེད་སྒོ་སྤེལ་བར་གནས་ཡུལ་མཁོ་འདོན་བྱས། དུས་མཚུངས་སུ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་ཁྲོད་རིག་གནས་ཚོགས་པ་རྟ་རྒྱུག་མཐུན་ཚོགས2སྔ་རྗེས་སུ་བཙུགས། བརྗོད་དོན་མི་མཚུངས་པའི་རྟ་རྒྱུག་འགྲན་སྡུར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྫོང་ཡོངས་ཀྱི་དེང་རབས་རྟའི་ཐོན་ལས་འཕེལ་རྒྱས་དང་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注