མཚོ་བྱང་ཁུལ་གྱིས་ཚོང་འགུག་མ་འདྲེན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས། སྟོབས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྤྱད་དེ་ཚོང་འགུག་མ་འདྲེན་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་ཚོང་འགུག་མ་འདྲེན་གྱི་བྱ་བའི་མགོ་ཡག་པོར་འཛུགས་པ་དང་གོམ་ཁ་ལེགས་པོར་བསྒྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར20.8བཏང་བའི་ཆུ་ཁོལ་ཐོན་ལས་གླིང་ཁུལ་གྱི་མི་མེད་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་དང་། རིག་ནུས་རྩིས་རྒྱག་ལྟེ་གནས་ལས་གཞི་བཅས་ལ་གྲོས་མཐུན་གན་རྒྱ་བཞག་ཡོད་པར་མ་ཟད། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་དང་མཉམ་ལས་གྲོས་མཐུན་བྱུང་སྟེ། “མཚོ་སྔོན་ཚོང་གཏམ་གྲོས་ཚོགས”སྔོན་ལ་མཉམ་ལས་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

མཚོ་བྱང་ཁུལ་གྱིས“གཟའ་འཁོར་གཉིས་རེར་གསེད་བཀྲོལ་དང་ཟླ་རེར་བཀོད་གཏོང་། དུས་ཚིགས་རེར་བསྐྱར་སྡུར”ཀྱི་ལམ་ལུགས་གསར་བ་བཙུགས་ནས། གསལ་ཐོ་ཅན་གྱི་སྐས་རིམ་དོ་དམ་ཁྱབ་སྤེལ་བཏང་སྟེ་གཙོ་གནད་སྟེང་ཐོད་བརྒལ་བྱུང་ནས་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། ནུས་རྒྱུ་གསར་པ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་གཙོ་གནད་ཐོན་ལས་ལ་དམིགས་ནས། དམངས་གཉེར་ཁེ་ལས་སྟོབས་ཆེན500དང་། ཀྲུང་དབྱང་གི་ཁེ་ལས་དང་སྣེ་ཁྲིད་ཁེ་ལས་ཁག་ཅིག་ནང་འདྲེན་བྱས་པར་མ་ཟད། མཚོ་བྱང་ཁུལ་གྱི་ཐོན་ལས་གླིང་སོ་སོའི་བྱེད་ནུས་ངེས་གནས་དང་ཐོན་ལས་རྨང་གཞིར་བརྟེན་ནས་ཁྱད་པར་ཅན་གྱི་ཚོང་འགུག་ཐབས་ཇུས་འགྲེམ་སྤེལ་བྱས་ཏེ་སྤུས་ལེགས་ལས་གཞི་དེ་ལས་མང་པོ་གནས་འདི་རུ་རྩ་བ་ཚུགས་ནས་རྩེ་མོ་རྒྱས་པར་མཐུན་རྐྱེན་བསྐྲུན།

ཚོང་འགུག་མ་འདྲེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་རྫོང་ཁོངས་ཀྱིས་ཚོང་འགུག་སྣེ་ཁྲིད་བྱེད་པ། གླིང་ཁུལ་གྱིས་ཚོང་འགུག་གསར་གཏོད་བྱེད་པ། རོགས་སྐྱོར་མཐུན་སྦྱོར་གྱིས་ཚོང་འགུག་བྱེད་པ། ཞིང་ཕྱུགས་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་གིས་ཚོང་འགུག་བྱེད་པ་སོགས“འགུལ་སྐྱོད་བཅུ”དང་གཙོ་གནད་བྱེད་སྒོ14ཁྱོན་ཡོངས་ནས་སྤེལ་ཏེ། 2025ལོ་ནས2027ལོའི་བར་གྱི་གྲབས་གསོག་ལས་གཞི་རིམ་བཞིན་འཆར་འགོད་བྱས་པ་དང་། གྲབས་གསོག་ལས་གཞིའི་སྤུས་ཚད་མཐོ་རུ་བཏང་ནས་ལས་གཞིའི་གསོན་ཤུགས་ཆེ་རུ་བཏང་། མིག་སྔར། གྲབས་གསོག་ལས་གཞི100བསྡུ་རུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར907.3ལ་སླེབས་ཡོད།  

གཞན་ཡང“སྦྲེལ་ཐག་ཚོང་འགུག”དང“དམིགས་འཛུགས་ཚོང་འགུག”སོགས་ཚོང་འགུག་མ་འདྲེན་བྱེད་སྟངས་ཧུར་ཐག་སྒོས་ཁྱབ་སྤེལ་བཏང་ནས་གླིང་ཁུལ་གྱི“གཡུལ་ས་གཙོ་བོ”དང་ཕྱི་རུ་བཅའ་སྡོད་བྱེད་པའི་སྒྲིག་གཞིའི“ཟམ་སྣེའི་བཙན་རྫོང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་རྫོང་རིམ་པའི་རྩ་འཛུགས་ལག་བསྟར། གཙོ་གཉེར་སྡེ་ཁག་གིས་སྣེ་ཁྲིད་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར། བྱེད་པོ་གཙོ་བོ་ཁག་གིས་མཉམ་འགུལ་བྱེད་པ། གླིང་ཁུལ་གྱིས་དང་ལེན་དང་ལག་བསྟར”བཅས་བྱེད་པའི་ཚོང་འགུག་བྱ་བའི་རྣམ་པ་གསར་པ་ཆགས་ཡོད། དེ་དང་ཆབས་ཅིག ཁ་གཏད་རོགས་སྐྱོར་ལམ་སྲོལ་གསར་གཏོད་བྱས་ནས་ཤར་ནུབ་རྒྱུད་ཀྱི་ཐོན་ལས་སྤོ་སྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ནས་ཤར་རྒྱུད་ས་ཁུལ་གྱི་ཐོན་ལས་དང་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ།   སྤུས་ལེགས་ཁེ་ལས་ཀྱི་ལས་གཞི་ནང་འདྲེན་བྱས་ནས་དོན་འཁྱོལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།       

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号