ཤ་བོ་སྐྱབས་དང་མཚོ་སྔོན་དགེ་འོས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་འཁོར་དང་བཅས་པས་བཞུགས་མོལ་བརྗེ་རེས་གནང་།
ཟླ3པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་མཚོ་སྔོན་དགེ་འོས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་འཁོར་དང་བཅས་པས་བཞུགས་མོལ་གནང་བ་དང་། ཕྱོགས་གཉིས་ཀྱིས་སློབ་གྲྭ་དང་མཚོ་བྱང་གི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་དེ་བཞིན་གཙོ་གནད་ཚན་ཞིབ་ལས་གཞི་མཚོ་བྱང་དུ་འཛུགས་སྐྲུན་བྱེད་པ་སོགས་ལ་དམིགས་ནས་བརྗེ་རེས་གཏིང་ཟབ་གནང་།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཧྲུའུ་ཅི་མའོ་ཞུའེ་རུང་འཁོར་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། 2023ལོར་མཚོ་བྱང་ཁུལ་དང་མཚོ་སྔོན་དགེ་འོས་སློབ་ཆེན་བར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་པ་ནས་བཟུང་སློབ་གྲྭ་དང་མཚོ་བྱང་གིས་སློབ་གསོའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག རིག་གནས་ཡུལ་སྐོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཁྱབ་ཁོངས་སོ་སོར་མུ་མཐུད་དུ་བརྗེ་རེས་ལ་ཤུགས་བསྣན་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་བ། ལྷག་པར་དུ་མཚོ་བྱང་གིས“ཆས་རྟགས་ཆེན་པོ་བཞིའི”འགྲན་སྡུར་དང་མེ་ལྷ་གངས་དཀར་ལྗོངས་ཁུལ་འཛུགས་སྐྲུན། གནའ་མཁར་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད། གྲོང་གསེབ་ཀྱི་དམངས་སྲོལ་སྡོད་ཁང་ཐོན་ལས་འཕེལ་རྒྱས། གསར་བརྗེའི་ཉམས་ཞིབ་སོགས་ཐད་རོགས་རམ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཚོ་བྱང་གིས《མཚོ་བྱང་གི་གནའ་མཁར་གནའ་ཤུལ་རིག་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཞིབ་འཇུག》རྩོམ་སྒྲིག་བྱེད་རོགས་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ལག་ལེན་རྟེན་གཞི་མཚོ་བྱང་དུ་བཙུགས་པ་དང་། དགེ་སློབ1500ལྷག་ཙམ་མཚོ་བྱང་དུ་ཡོང་ནས་གསར་བརྗེའི་ཉམས་ཞིབ་དང་སློབ་གསོའི་གསོ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་པས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གྱི་ནང་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་དང་ལོ་རྒྱུས། ལུས་རྩལ། གསར་འགྱུར། ཁྲིམས་ལུགས་རིག་པ་དང་སྤྱི་ཚོགས། རྒྱལ་ཁབ་བདེ་འཇགས་དང་མཁོ་བསྟུན་དོ་དམ་སོགས་སློབ་གླིང་གི་ཤེས་ལྡན་མི་སྣ་དང་ཆེད་ལས་རིག་ཚན་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་དུ“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ། དར་གོས་ཚོང་ལམ་གྱི་སྙིང་སྟོབས་སྔོག་འདོན། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་པ། དེ་བཞིན་མི་རིགས་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་དང་རིག་རྩལ་བརྩམས་ཆོས་གསར་གཏོད། ཆས་རྟགས་འགྲན་སྡུར་གསོ་སྐྱོང་སོགས་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་མཁོ་འདོན་བྱས་ཏེ་སློབ་གྲྭ་དང་མཚོ་བྱང་གི“ཕྱོགས་གཉིས་ནུས་སྤེལ”གྱི་དཔེ་མཚོན་གསར་བ་ཐུན་མོང་ཐོག་གཏོད་པའི་རེ་བ་ཡོད་ལ། མཚོ་བྱང་ཁུལ་གྱིས་མཚོ་སྔོན་དགེ་འོས་སློབ་ཆེན་དང་འབྲེལ་གཏུག་མཐུན་སྦྱོར་མུ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ཏེ་གཙོ་གནད་ཚན་ཞིབ་ལས་གཞི་མཚོ་བྱང་དུ་ལག་བསྟར་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གཉིས་ཕན་གཉིས་ཁེ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།
མའོ་ཞུའེ་རུང་གིས་ཉེ་བའི་ལོ་ཤས་རིང་སློབ་གྲྭ་དང་མཚོ་བྱང་གི་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གནས་ཚུལ་དང་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་གནང་སྟེ། ཁོས་བཤད་རྒྱུར། མཚོ་བྱང་གི་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་པ། རང་བྱུང་དང་མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ཡོད་པས་མདུན་ལམ་ཆེན་པོ་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་མཚོ་བྱང་ཁུལ་འདི་ཉིད2021ལོའི་མཚོ་སྔོན་ཞིང་ཆེན་གྱི"ཁུ་ནུའི་འཇོན་མི·རྩེར་སོན་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་མི་སྣའི"འཆར་གཞིའི་ཁྱད་ལྡན་ཤེས་ལྡན་མི་སྣAརིགས་ཀྱི་ལས་གཞིའི"ཤེས་རབ་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི"དཔེ་སྟོན་ཚོད་ལྟའི་ས་ཚིགས་སུ་བརྩིས་ལ། མདོ་ལ་རྫོང་འདི་ཉིད་དཔེ་སྟོན་རང་བཞིན་གྱི་གྲོང་གསེབ་ཀྱི་དམངས་སྲོལ་སྡོད་ཁང་མཉམ་སྐྲུན་གྱི་ལག་བསྟར་དཔེ་མཚོན་ཞིག་ཡིན་པའི་ཆ་ནས། གཙོ་གནད་ཐོག་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སེམས་ཉིད་ནགས་ར་དང་མདོ་ལའི་ནགས་རའི་ནགས་ཚལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་དམངས་སྲོལ་སྡོད་ཁང་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་དམངས་སྲོལ་སྡོད་ཁང་མཐུན་ཚོགས་འཛུགས་པ། གྲོང་གསེབ་ཀྱི་དམངས་སྲོལ་སྡོད་ཁང་ཞབས་ཞུའི་གྲངས་ཀའི་སྟེགས་བུ་འཛུགས་པ། དམངས་སྲོལ་སྡོད་ཁང་འཆར་འགོད་བྱེད་པ། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་། ཆས་རྟགས་གྲགས་ཅན་གསར་བཟོ་དང་གཉེར་སྐྱོང་ཇུས་འགོད་བཅས་ཀྱི་ཐད་ལ་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཏེ། བརྗེ་རེས་དང་མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་དང་། མདོ་ལ་རྫོང་གི་དཔེ་སྟོན་རང་བཞིན་གྱི་གྲོང་གསེབ་དམངས་སྲོལ་སྡོད་ཁང་ཐོན་ལས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.2བཏང་བའི་མཚོ་སྔོན་མདོ་ལ་རིང་མོའི་ས་གཤིས་གནོད་འཚེའི་རི་ཐང་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་ས་ཚིགས་ཀྱི་ལས་གཞི་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མཚོ་བོད་ས་མཐོའི་རང་བྱུང་གནོད་འཚེའི་རི་ཐང་ལྟ་དཔྱད་ཚད་འཇལ་དང་། ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་བྱེད་པར་གཞི་གྲངས་ཐོག་ནས་རྒྱབ་སྐྱོར་བྱས་ཏེ་མཉམ་ལས་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཟེར།
ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཧན་ཧྲི། མཚོ་སྔོན་དགེ་འོས་སློབ་ཆེན་གཞུང་ལས་ཁང་དང་། ཚན་ཞིབ་ཁྲུའུ། རྒྱལ་ཁབ་བདེ་འཇགས་དང་མཁོ་བསྟུན་དོ་དམ་སློབ་གླིང་བཅས་ཀྱི་འགན་འཁུར་བློ་མཐུན། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注