ཤ་བོ་སྐྱབས་དང་ཁེ་ལས་གསུམ་གྱིས་ཚོང་འགུག་མ་འདྲེན་གྱི་བཞུགས་མོལ་བརྗེ་རེས་ཚོགས་འདུ་འཚོགས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“དཔྱིད་གསར་ཚོགས་འདུ་དང་པོའི”དགོངས་དོན་ལག་བསྟར་གཏིང་ཟབ་དང་ཚོང་འགུག་མ་འདྲེན་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་ཆེད། ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཀྲུང་གོ་ཧྭ་ནེང་སྡེ་ཚོགས་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་དང་ཀྲུང་གོ་ཧ་ཡང་མ་རྐང་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་། པེ་ཅིང་ཙི་ཐེན་ཧུང་དུས་རབས་མ་འཇོག་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་མཉམ་དུ་ཚོང་འགུག་མ་འདྲེན་དང་མཉམ་ལས་གཏིང་ཟབ། ལས་གཞི་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཞུགས་མོལ་བརྗེ་རེས་གཏིང་ཟབ་བྱས།

ཀྲུང་གོ་ཧྭ་ནེང་སྡེ་ཚོགས་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལག་བསྟར་ལས་འཛིན་པ་ཏིང་ཁུན་དང་བཞུགས་མོལ་བརྗེ་རེས་གནང་སྐབས། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ལ་རླུང་དང་འོད། ཆུ་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཐང་ཧུའུ་གློག་གྲྭ་དང་བྲ་སོག་སོགས་འོད་ནུས་གླིང་ཁུལ5དང་ཆུ་ཁོལ་རླུང་གློག་ར་བ་སོགས་རླུང་ཤུགས་རྟེན་གཞི3བཅས་གཞི་རྒྱ་གྲུབ་ཡོད། སྲོལ་རྒྱུན་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོ་ཡོད་པ་དང་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན། ཧྭ་ནེང་སྡེ་ཚོགས་ནི་ཀྲུང་དབྱང་ཁེ་ལས་ཡིན་པའི་ཆ་ནས་གློག་ཁུངས་གསར་སྤེལ་དང་གཏེར་རྫས་ཐོན་ཁུངས་གསར་སྤེལ། ཚ་གློག་མཉམ་སྤེལ། དེ་བཞིན་ནུས་རྒྱུ་གསར་བའི་ཐོན་ལས་འཕེལ་རྒྱས་བཅས་ཐད་རྨང་གཞི་བརྟན་པོ་ཡོད། ཁེ་ལས་ཀྱིས་མཚོ་བྱང་དུ་མ་འཇོག་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པ་དང་མཚོ་བྱང་གི“རླུང་འོད་མེ་གསོག”མཐུན་སྦྱོར་འཕེལ་རྒྱས་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུ་གླིང་ཕྲན་འཛུགས་སྐྲུན་སོགས་ཐད་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་བཀོད་སྒྲིག་བྱས་ནས་དངོས་སྒྲུབ་མཉམ་ལས་སྔར་བས་མང་དུ་ཆགས་རྒྱུའི་རེ་བ་ཡོད། མཚོ་བྱང་ཁུལ་གྱིས་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར། ཏིང་ཁུན་གྱིས་བཤད་རྒྱུར། སྡེ་ཚོགས་སྤྱི་གཉེར་ཁང་གིས་སྤྱི་ཡོངས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། ཕྱོགས་བསྡུས་ནུས་རྒྱུ་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཆར་འགོད་དང་ཕྱོགས་ཡོངས་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་རྒྱལ་མཉང་ཁེ་ཡི་མཉམ་ལས་ལས་གཞི་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་མཚོ་བྱང་གི་ནུས་རྒྱུ་གཙང་མའི་ཐོན་ལས་ཚོགས་སྤྱི་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཟེར།

ཀྲུང་གོ་ཧ་ཡང་མ་རྐང་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཁྲེན་ཡིའུ་ཚའེ་དང་བཞུགས་མོལ་བརྗེ་རེས་གནང་སྐབས། ཤ་བོ་སྐྱབས་ཀྱིས་ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱིས་མདའ་བཞི་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། མཚོ་བྱང་གི་གནས་བབ་ལེགས་ཆ་མངོན་གསལ་ཡིན་པ་དང་། མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ། སྒུལ་འཁོར། མཁའ་འགྲུལ་སོགས་འགྲིམ་འགྲུལ་སྟབས་བདེ་བ། མདའ་བཞིའི་ཆུ་དམར་འགག་དང་འཇུ་ལག་དེང་རབས་ཐོན་ལས་གླིང་། མདོ་ལའི་སྟོང་སོ་ཆེ་བ། རྐང་ཚའི་ཆུ་ཁོལ་སོགས་བཟོ་ལས་གླིང4ཡི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡིན་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས། རིག་ནུས་བཟོ་སྐྲུན་སོགས་ཐོན་ལས་འཕེལ་རྒྱས་ཐད་མཉམ་ལས་སྔར་བས་མང་བ་འཚོལ་ཞིབ་བྱས་ཏེ་མཚོ་བྱང་དུ་ཧ་ཡང་ཁྱིམ་ཆས་ལས་སྣོན་སོགས་ཁེ་ལས་བཀོད་སྒྲིག་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་དང་འབྲེལ་ཐག་གསབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བྱེད་ཐབས་དངོས་ལ་བརྟེན་ནས་གྲོས་མོལ་ལས་གཞི་གང་མགྱོགས་སྒོས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མཉམ་རྒྱལ་མཉམ་ཁེ་དང་མཉམ་ལས་མཉམ་རྒྱལ་ཡོང་བར་ཧུར་ཐག་བྱ་རྒྱུ་ཡིན་ཟེར། ཁྲེན་ཡིའུ་ཚའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་པུའུ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ཏེ་མདའ་བཞི་རྫོང་གི་སྟོང་ཝ་ཁྲི20ཡི་རླུང་ཤུགས་ལས་གཞི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རིག་རྩིས་ལྟེ་གནས་དང་ཧ་ཡང་ཁྱིམ་ཆས་ཐོན་ལས་འཆར་འགོད་བྱེད་པ་དང་། ཁུལ་རིམ་པས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་མཚོ་བྱང་དུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།


པེ་ཅིང་ཙི་ཐེན་ཧུང་དུས་རབས་མ་འཇོག་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་རེན་ཧྲང་ཁུན་དང་བཞུགས་མོལ་བརྗེ་རེས་བྱེད་སྐབས་ཕྱོགས་གཉིས་ཀྱིས་རིག་རྩིས་ལྟེ་གནས་མཉམ་འདྲེས་རླུང་ཤུགས་གློག་འདོན་ལས་གཞིར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐད་བརྗེ་རེས་གཏིང་ཟབ་བྱས། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ཁུལ་གྱི་གནམ་གཤིས་གྲང་ཞིང་ཁོར་ཡུག་སྐམ་ཤས་ཆེ་བས་ནུས་རྒྱུ་གཙང་མའི་མཁོ་སྤྲོད་འདང་ངེས་དང་བརྟན་པོ་ཡོད་པས་རྩིས་ནུས་ལྟེ་གནས་ཀྱི་གློག་ཤུགས་དགོས་མཁོ་སྐོང་ཐུབ་པ་དང་རྩིས་ནུས་དགོས་མཁོ་དང་མཐུན་པོ་ཡོད། ཁེ་ལས་ཀྱིས་ལྗང་མདོག་གློག་ནུས་ཐད་ཀྱི་འཐབ་ཇུས་དོན་གཉེར་དང་མཐུན་པ། ཁེ་ལས་ཀྱིས་རང་ངོས་ཀྱི་དགོས་མཁོ་གཞིར་བཟུང་སྟེ་མཚོ་བྱང་ཁུལ་གྱི་རང་ནུས་ཅི་ཡོད་དང་ཟུང་འབྲེལ་བྱས་ནས་མཚོ་བྱང་ཁུལ་གྱིས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ་ཁེ་ལས་ཀྱིས་སེམས་བདེ་ངང་མ་འཇོག་དང་འཕེལ་རྒྱས་གཏོང་ཐུབ་པར་རེ་བ་ཡོད་ཟེར། རེན་ཧྲང་ཁུན་གྱིས་བཤད་རྒྱུར། ཙི་ཐེན་ཧུང་དུས་རབས་མ་འཇོག་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་ནི་རྒྱལ་ཡོངས་ཀྱིXRཡོན་འཇིག་རྟེན་གྱི་རྟོག་བཟོའི་གྲངས་གཞི་རྟེན་གཞི་འཛུགས་སྐྲུན་ཁེ་ལས་དང་པོ་ཡིན་པ་དང་། རྟོག་བཟོའི་གྲངས་ཀ་དང་རྟོག་བཟོའི་གློག་བརྙན་བཟོ་བ་ནི་རྩིས་ནུས་ལྟེ་གནས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་འབྲེལ་མཐུད་ལ་ཤུགས་བསྣན་ནས་ལས་གཞིའི་གན་རྒྱ་འཇོག་པ་དང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག དེ་བཞིན་མདའ་བཞི་རྫོང་ཨུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号