མདོ་ལ་རྫོང་གིས་ཐབས་མང་མཉམ་སྤྱད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་མགོ་ལེགས་པོ་བརྩམ་པར་སྐུལ་འདེད་བཏང་།
མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དངོས་འབེབས་ནན་ཏན་བྱས་ཤིང་། ཞིང་ཆེན་དང་ཁུལ། རྫོང་ཨུ་དང་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་གཙོ་ཐིག་ཏུ་བཟུང་ཞིང་། ལས་རིགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ལ་སྐུལ་འདེད་བཏང་། ཉེན་ཁ་འགོག་པ་དང་བདེ་འཇགས་སྲུང་བ། བརྟན་ལྷིང་སྐྱོང་བའི་ལས་དོན་ཁག་ཏན་ཏིག་ལེགས་པོར་སྒྲུབ་ནས་མདོ་ལའི་བདེ་འཇགས་ཐོན་སྐྱེད་ཀྱི་རབ་བྱེད་གསར་བ་ཧུར་གྱིས་བརྩམས།འགན་འཁྲིའི་སྐུལ་ཁྲིད་ལ་ཤུགས་བསྣན་ནས་ཁོངས་ཡོངས་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ། ཚད་མཐོའི་སྤྱི་འདོམས་དང་ལམ་ལུགས་འགན་སྲུང་མཉམ་གཅིག་འགུལ་བ་རྒྱུན་འཁྱོངས་དང་། “རྫོང་ཨུ་དང་སྲིད་གཞུང་གིས་ཁྱོན་ཡོངས་སྤྱི་འདོམས་དང་། ལས་རིགས་སྡེ་ཚན་གྱིས་མཉམ་འཛིན་སྤྱི་དོམ། ཁེ་ལས་བྱེད་པོས་ཁྱོན་ཡོངས་འགན་ཁུར”གྱི་རིམ་གསུམ་འགན་སྦྲེལ་དྲ་བ་བཙུགས་ཤིང་། དུས་མཚམས་གཙོ་བོ་དང་ལྷུ་ཚིགས་གཙོ་བོ་ལ་དམིགས་ནས《དུས་ཆེན་རྗེས་ཀྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ལས་འགོ་བསྐྱར་འཛུགས་སྐོར་གྱི་གསལ་འདེབས་ཡི་གེ》《ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་སྤེལ་བའི་སྐོར་གྱི་བརྡ་སྦྱོར》སོགས་ཡིག་ཆ10ལྷག་བཏོན། གཏེར་རི་བདེ་འཇགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས《མདོ་ལ་རྫོང་རྡོ་སོལ་གཏེར་ཁུངས་དང་རྡོ་སོལ་གཏེར་རི་མ་ཡིན་པ། ལས་སྒྲིལ་གཏེར་ཁུངས་འབྲེལ་གཏུག་འགན་གཙང་ལེན་འགན་འཁྲིའི་ལམ་ལུགས》བཟོས་ཤིང་། བདེ་འཇགས་འགན་འཁྲི་རིམ་པ་བཞིན་ནན་པོ་དང་འཕྲེད་གཞུང་གཉིས་ཀྱི་མཐའ་ལ་ཐུག་པའི་དོ་དམ་འགན་འཁྲི་མ་ལག་བཙུགས་ཏེ་བདེ་འཇགས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་།བྱུར་རྐྱེན་འགག་སྒྲོལ་ལ་དམིགས་ནས་ཉེན་ཁ་འགོག་སྡོམ་ལངས་གཟུགས་ཀྱི་སྲུང་སྐྱོང་དྲ་བ་དམ་པོར་བསླེས། “ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་བརྒྱུད་རིམ་ཡོངས་ལ་དོ་དམ། རྒྱུ་ཆས་ཡོངས་ཀྱི་བཅོས་སྐྱོང”གི་བྱུར་རྐྱེན་བཅོས་སྒྲིག་ལམ་སྲོལ་བཙུགས། ཉེན་ཁའི་རྫས་འགྱུར་རྫས་དང་བཟོ་གཏེར་ཚོང་དོན་སོགས་གཙོ་གནད་ཁྱབ་ཁོངས་སུ་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་བྱས་ཤིང་། ཉེན་ཟོན་སྐོང་མོལ་དང་ལྟ་སྐུལ་ཞིབ་བཤེར་ཟུང་འབྲེལ་སྒོས་ཤོག་སྦག་དང་ཉེན་ཁའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱི་འགན་ཁུར་བ་དང་བདེ་འཇགས་ཐོན་སྐྱེད་ཉེན་ཟོན་ཚོགས་འདུ་བསྡུས་ཤིང་། དཔེ་མཚོན་གྱོད་གཞི་དབྱེ་ཞིབ་དང་འགན་འཁྲི་ཁས་ལེན་ཡི་གེ་སོགས་རྣམ་པ་བརྒྱུད་ནས་ཁེ་ལས་ཀྱིས་བདེ་འཇགས་ལ་ཤུགས་སྣོན་པར་རྟོག་འདོམས་བྱས། མིག་སྔའི་བར་དུ། ཉེན་ལྡན་རྫས་འགྱུར་གཉེར་སྐྱོང་གནས12དང་། ཤོག་སྦག་ཆེད་འཚོང་ཁང3 བཟོ་གཏེར་ཁེ་ལས18ཞིབ་བཤེར་བྱས་ཤིང་། བྱུར་རྐྱེན32རྙེད་ནས་བཅོས་སྒྲིག་བྱས་ལ། ཁྲིམས་བསྟར་ཡི་གེ14གཤམ་སྤྲོད་བྱས་ཏེ་དུས་ཡུན་ནང་བཅོས་སྒྲིག་ལེགས་འགྲུབ་དང་གདུབ་ཟུམ་དོ་དམ་གྱི་བླང་བྱ་ལེགས་འགྲུབ་བྱས།ལྟ་སྐུལ་དོ་དམ་ལམ་སྲོལ་གསར་གཏོད་སྒོས་བདེ་འཇགས་ལྟ་སྐུལ་གྱི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་འདེད་བཏང་། ལས་རྣམ་གསར་བའི་འཕེལ་རྒྱས་ཀྱི་ལྟ་སྐུལ་དོ་དམ་མ་ལག་ལ་དམིགས་ནས《མདོ་ལ་རྫོང་གི་ལས་རིགས་གསར་བའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲིའི་ཁ་གསབ་གཏན་འབེབས》བཟོས་ཤིང་། གློག་སྒུལ་རྐང་འཁོར་དང་གངས་འཁྱགས་ལུས་རྩལ་འདུ་གནས། དམའ་ས་དཔལ་འབྱོར་སོགས་གསར་དར་རིགས12ཀྱི་ལྟ་སྐུལ་བྱེད་པོ་གསལ་བོ་བཟོས་ཤིང་། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་དང་འགན་འཁྲིའི་ལོང་ཁུལ་སེལ། 《མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་རྒྱུན་རྣམ་ཅན་གྱི་མངོན་བཤེར་ལྐོག་བཅར་ལམ་ལུགས》སོགས་ལམ་ལུགས4གསར་གཏོད་བྱས། ལྟ་སྐུལ་དོ་དམ་རྣམ་པ་དང་ལྟ་སྐུལ་དོ་དམ་ཕན་འབྲས་མཐོར་འདེགས་སུ་བཏང་ནས་བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་།
མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དངོས་འབེབས་ནན་ཏན་བྱས་ཤིང་། ཞིང་ཆེན་དང་ཁུལ། རྫོང་ཨུ་དང་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་གཙོ་ཐིག་ཏུ་བཟུང་ཞིང་། ལས་རིགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ལ་སྐུལ་འདེད་བཏང་། ཉེན་ཁ་འགོག་པ་དང་བདེ་འཇགས་སྲུང་བ། བརྟན་ལྷིང་སྐྱོང་བའི་ལས་དོན་ཁག་ཏན་ཏིག་ལེགས་པོར་སྒྲུབ་ནས་མདོ་ལའི་བདེ་འཇགས་ཐོན་སྐྱེད་ཀྱི་རབ་བྱེད་གསར་བ་ཧུར་གྱིས་བརྩམས།
འགན་འཁྲིའི་སྐུལ་ཁྲིད་ལ་ཤུགས་བསྣན་ནས་ཁོངས་ཡོངས་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ། ཚད་མཐོའི་སྤྱི་འདོམས་དང་ལམ་ལུགས་འགན་སྲུང་མཉམ་གཅིག་འགུལ་བ་རྒྱུན་འཁྱོངས་དང་། “རྫོང་ཨུ་དང་སྲིད་གཞུང་གིས་ཁྱོན་ཡོངས་སྤྱི་འདོམས་དང་། ལས་རིགས་སྡེ་ཚན་གྱིས་མཉམ་འཛིན་སྤྱི་དོམ། ཁེ་ལས་བྱེད་པོས་ཁྱོན་ཡོངས་འགན་ཁུར”གྱི་རིམ་གསུམ་འགན་སྦྲེལ་དྲ་བ་བཙུགས་ཤིང་། དུས་མཚམས་གཙོ་བོ་དང་ལྷུ་ཚིགས་གཙོ་བོ་ལ་དམིགས་ནས《དུས་ཆེན་རྗེས་ཀྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ལས་འགོ་བསྐྱར་འཛུགས་སྐོར་གྱི་གསལ་འདེབས་ཡི་གེ》《ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་སྤེལ་བའི་སྐོར་གྱི་བརྡ་སྦྱོར》སོགས་ཡིག་ཆ10ལྷག་བཏོན། གཏེར་རི་བདེ་འཇགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས《མདོ་ལ་རྫོང་རྡོ་སོལ་གཏེར་ཁུངས་དང་རྡོ་སོལ་གཏེར་རི་མ་ཡིན་པ། ལས་སྒྲིལ་གཏེར་ཁུངས་འབྲེལ་གཏུག་འགན་གཙང་ལེན་འགན་འཁྲིའི་ལམ་ལུགས》བཟོས་ཤིང་། བདེ་འཇགས་འགན་འཁྲི་རིམ་པ་བཞིན་ནན་པོ་དང་འཕྲེད་གཞུང་གཉིས་ཀྱི་མཐའ་ལ་ཐུག་པའི་དོ་དམ་འགན་འཁྲི་མ་ལག་བཙུགས་ཏེ་བདེ་འཇགས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་།
བྱུར་རྐྱེན་འགག་སྒྲོལ་ལ་དམིགས་ནས་ཉེན་ཁ་འགོག་སྡོམ་ལངས་གཟུགས་ཀྱི་སྲུང་སྐྱོང་དྲ་བ་དམ་པོར་བསླེས། “ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་བརྒྱུད་རིམ་ཡོངས་ལ་དོ་དམ། རྒྱུ་ཆས་ཡོངས་ཀྱི་བཅོས་སྐྱོང”གི་བྱུར་རྐྱེན་བཅོས་སྒྲིག་ལམ་སྲོལ་བཙུགས། ཉེན་ཁའི་རྫས་འགྱུར་རྫས་དང་བཟོ་གཏེར་ཚོང་དོན་སོགས་གཙོ་གནད་ཁྱབ་ཁོངས་སུ་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་བྱས་ཤིང་། ཉེན་ཟོན་སྐོང་མོལ་དང་ལྟ་སྐུལ་ཞིབ་བཤེར་ཟུང་འབྲེལ་སྒོས་ཤོག་སྦག་དང་ཉེན་ཁའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱི་འགན་ཁུར་བ་དང་བདེ་འཇགས་ཐོན་སྐྱེད་ཉེན་ཟོན་ཚོགས་འདུ་བསྡུས་ཤིང་། དཔེ་མཚོན་གྱོད་གཞི་དབྱེ་ཞིབ་དང་འགན་འཁྲི་ཁས་ལེན་ཡི་གེ་སོགས་རྣམ་པ་བརྒྱུད་ནས་ཁེ་ལས་ཀྱིས་བདེ་འཇགས་ལ་ཤུགས་སྣོན་པར་རྟོག་འདོམས་བྱས། མིག་སྔའི་བར་དུ། ཉེན་ལྡན་རྫས་འགྱུར་གཉེར་སྐྱོང་གནས12དང་། ཤོག་སྦག་ཆེད་འཚོང་ཁང3 བཟོ་གཏེར་ཁེ་ལས18ཞིབ་བཤེར་བྱས་ཤིང་། བྱུར་རྐྱེན32རྙེད་ནས་བཅོས་སྒྲིག་བྱས་ལ། ཁྲིམས་བསྟར་ཡི་གེ14གཤམ་སྤྲོད་བྱས་ཏེ་དུས་ཡུན་ནང་བཅོས་སྒྲིག་ལེགས་འགྲུབ་དང་གདུབ་ཟུམ་དོ་དམ་གྱི་བླང་བྱ་ལེགས་འགྲུབ་བྱས།
ལྟ་སྐུལ་དོ་དམ་ལམ་སྲོལ་གསར་གཏོད་སྒོས་བདེ་འཇགས་ལྟ་སྐུལ་གྱི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་འདེད་བཏང་། ལས་རྣམ་གསར་བའི་འཕེལ་རྒྱས་ཀྱི་ལྟ་སྐུལ་དོ་དམ་མ་ལག་ལ་དམིགས་ནས《མདོ་ལ་རྫོང་གི་ལས་རིགས་གསར་བའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲིའི་ཁ་གསབ་གཏན་འབེབས》བཟོས་ཤིང་། གློག་སྒུལ་རྐང་འཁོར་དང་གངས་འཁྱགས་ལུས་རྩལ་འདུ་གནས། དམའ་ས་དཔལ་འབྱོར་སོགས་གསར་དར་རིགས12ཀྱི་ལྟ་སྐུལ་བྱེད་པོ་གསལ་བོ་བཟོས་ཤིང་། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་དང་འགན་འཁྲིའི་ལོང་ཁུལ་སེལ། 《མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་རྒྱུན་རྣམ་ཅན་གྱི་མངོན་བཤེར་ལྐོག་བཅར་ལམ་ལུགས》སོགས་ལམ་ལུགས4གསར་གཏོད་བྱས། ལྟ་སྐུལ་དོ་དམ་རྣམ་པ་དང་ལྟ་སྐུལ་དོ་དམ་ཕན་འབྲས་མཐོར་འདེགས་སུ་བཏང་ནས་བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注