དཔྱིད་འགོའི་ཁ་ཆད་བསྟར་ནས་མཉམ་དུ་ཇུས་གཞི་གསར་པ་བཀོད།
དཔྱིད་འགོར་ཡང་བསྐྱར་ལམ་དུ་ཆས།
མཉམ་དུ་གཟབ་རྒྱས་ཀྱི་ཚོགས་ཆེན་ལ་ཞུགས་པ།
གཟབ་འཆོར་སྤྲས་ནས་ཚོགས་ཆེན་ལ་བསྟོད་པའི་མཐེ་བོང་བསྒྲེངས།
ཧུར་ཐག་གིས་གཏམ་བཤད་གནང་བཞིན་པ།
བརྗེ་རེས་ལ་ཞུགས་པ།
བཅར་འདྲི་དང་ལེན་བྱེད་པ།
གཏམ་བཤད་གནང་བཞིན་པ།
ནན་ཏན་གྱིས་གྲོས་ཞིབ་བྱེད་པ།
རྒྱལ་ཡོངས་མི་དམངས་ཀྱིས་དོ་ཁུར་ཆེན་པོའི་འོག སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད།
ཚོགས་འདུའི་རིང་། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ལས་འགན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བཅངས་ནས། ཆབ་སྲིད་ཀྱི་སྤྲོ་སེམས་དང་ངར་ཤུགས་ཆེན་པོས་ཡར་རྒྱས་སྙིང་སྟོབས་ཀྱི་རྣམ་འགྱུར་ཐོག་ནས། སེམས་ཤུགས་ཡོད་ཚད་ཀྱིས་འགན་འཁྲི་བསྒྲུབས་ཡོད། ཁོ་ཚོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩའི་གྲོས་གཞིར་དམིགས་ནས་གྲོས་གཞི་དང་ཐབས་ཇུས་ཧུར་ཐག་གིས་བཏོན་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མི་དང་ཨུ་ཡོན་རྣམས་དང་མཉམ་དུ་བརྗེ་རེས་གཏིང་ཟབ་དང་རྒྱལ་དོན་ཐུན་མོང་ཐོག་གྲོས་མོལ་བྱས་པ་རེད། སྤྲོ་སེམས་འཁོལ་བའི་གྲོས་བསྡུར་དང་བརྗེ་རེས་ཁྲོད། ཚོགས་འདུའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། ཕུལ་བྱུང་གི་འཐུས་མི་དང་ཨུ་ཡོན་གྱི་ཉམས་འགྱུར་མངོན་ནས་རྒྱལ་ཁབ་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注