ཝང་དབྱི་ཡིས་ལའོ་ཝའོ་ཡི་ཕྱི་འབྲེལ་པུའུ་ཀྲང་ཐུང་ཧྲ་ཝན་དང་གྲོས་མོལ་བྱས།

ཟླ3ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ལའོ་ཝའོ་ཡི་ཕྱི་འབྲེལ་པུའུ་ཀྲང་ཐུང་ཧྲ་ཝན་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གྱིས་ན་ནིང་ཁཱ་ཧྲན་གྱི་གསེར་གྱོམ་རྩེ་ཚོགས་སྐབས་སུ་བདེ་བླག་ངང་གྲོས་མོལ་གནང་ནས། དུས་རབས་གསར་བའི་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་བྱེད་པའི་ཐད་སྒུལ་ཤུགས་སྟོབས་ཆེན་ཁ་སྣོན་བྱས། ཀྲུང་གོའི་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་དང་མཉམ་དུ། མཐོ་རིམ་འཐབ་ཇུས་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་དང་ཕྱོགས་མང་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།

ཐུང་ཧྲ་ཝན་གྱིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུས་པར་མ་ཟད་གྲུབ་འབྲས་གལ་ཆེན་བླངས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་སྔར་ལས་ཆེ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号