ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲུན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་ལ་འཚམས་འདྲི་བྱས།

ཟླ3པའི་ཚེས12ཉིན་ནས་ཚེས13ཉིན་བར། རྒྱལ་ཡོངས་ཚོགས་ཆེན་གཉིས་གྲོལ་མ་ཐག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲུན་གྱིས་རུ་ཁག་གི་སྣེ་ཁྲིད་དེ། པེ་ཅིང་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་གློག་དྲ་ཀུང་ཟི། ཀྲུང་གོ་གློག་འཕྲིན། ཀྲུང་གོ་དབྱི་ཏུང་། ཀྲུང་གོ་ལེན་ཐུང་སོགས་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་ལ་འཚམས་འདྲི་བྱས་པ་དང་། སྦྲེལ་མཐུད་བྱ་བ་ཡར་ཞུ་བྱས་པ་དང་མཉམ་ལས་མཉམ་རྒྱལ་ཇེ་ཟབ་ཏུ་བཏང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥུའུ་ཨན། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཀོན་ཀྲི་ཨོའུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུང་ཅིན་ལུང་དང་པུའུ་ཀྲང་ཧོང་རུན་ཆིག ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཅུན། རྒྱལ་ཁབ་གློག་དྲ་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཀྲང་ཀྲི་ཀང་། ཀྲུང་གོ་གློག་འཕྲིན་གྱི་རྐང་གཉེར་དབུ་གཙོ་ཁི་རུའེ་ཝུན། ཀྲུང་གོ་དབྱི་ཏུང་གི་རྐང་གཉེར་དབུ་གཙོ་དབྱང་ཅེ། ཀྲུང་གོ་ལེན་ཐུང་གི་རྐང་གཉེར་དབུ་གཙོ་ཁྲིན་ཀྲུང་ཡུའེ་བཅས་སོ་སོར་གྲོས་མོལ་ལ་ཞུགས།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲུན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་དང་རིགས་སོ་སོའི་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ན་ནིང་གི་ཟླ་དྲུག་པའི་ནང་ཡང་བསྐྱར་དངོས་སུ་མཐོ་སྒང་ལ་ཕེབས་ནས་གཟིགས་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་གནས་ཚད་གསར་བ་གཏན་ཁེལ་བྱས་པ་དང་འགན་འཁྲི་གསར་བ་བསྩལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་མངག་བཅོལ་སེམས་ལ་བརྟན་པོར་བཟུང་བ་དང་དྲིན་བསམ་མདུན་སྐྱོད་བྱས་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱས་ལ། རང་འགུལ་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་གནས་བབ་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུས་པས། མཐོ་ས་གསར་སྐྲུན་ཐད་ནས་བརྟན་ཐོག་ལེགས་བསྒྱུར་དང་གནས་བཞི་འཛུགས་སྐྲུན་ཐད་ནས་བརྟན་ཐོག་སྤུས་འདེགས། དཔལ་འབྱོར་འཁོར་རྒྱུག་ཐད་ནས་བརྟན་ཐོག་ལེགས་བྱུང་དང་བཅོས་བསྒྱུར་སྒོ་འབྱེད་ཐད་ནས་བརྟན་ཐོག་ཡར་བརྩོན། དམངས་ཚིས་འགན་སྲུང་ཐད་ནས་བརྟན་ཐོག་ཡར་འཕེལ་བཅས་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ནས་གོམ་སྟབས་བརྟན་པོ་བསྒྱུར། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་སྔར་བཞིན་དུ་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་དང་ལས་གཞི། མ་དངུལ། འཇོན་མི་སོགས་ཕྱོགས་ཀྱི་མཐུན་སྦྱོར་རོགས་རམ་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས།  མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བཟང་བོ་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོ་རྩོམ་པར་རམ་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས་པ་དང་། རང་ཞིང་གིས་བཏོན་པའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་དོན་བྱར་ཕྱིར་ལན་བཏབ། ཁོ་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཕེལ་རྒྱས་ཀྱི་རེ་བར་བསམ་གཞིགས་གང་ལེགས་གཏོང་བ། པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་པའི་ཁྲོད། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་འཚམས་འདྲི་ལ་ཞུགས། ལིའུ་ཐའོ་དང་ལིའུ་ཁྲའོ་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号