ཞི་ཅིན་ཕིང་གིས་ཞི་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་པ་ཐཱ་སུའུ་ལཱ་སི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཟླ3ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་སུའུ་ལཱ་སི་ལ་གློག་འཕྲིན་བཏང་ནས་ཁོས་ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཞི་ལཱ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་འོད་སྟོང་འཕྲོ་བའི་རིག་གནས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་ཡུན་རིང་ཞིང་འཕེལ་རྒྱས་གསར་བ་བྱུང་ཡོད་པས། ཕན་ཚུན་རྒྱུས་ལོན་དང་གཉིས་ཕན་མཉམ་རྒྱལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་ཡིན། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱིས་རྒྱུན་མཐུད་ངང་པུས་ལའེ་ཨེ་ཧྥུའུ་སི་གྲུ་ཁའི་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཞི་ལཱའི་ཤེས་རིག་སློབ་སྦྱོང་ལྟེ་གནས་དང་། ཡཱ་ཏེན་གྱི་ཀྲུང་གོའི་གནའ་བོའི་ཤེས་རིག་ཞིབ་འཇུག་གླིང་མཉམ་དུ་འཛུགས་སྐྲུན་བྱས་པས། གནའ་བོའི་ཤེས་རིག་གི་འཆམ་མཐུན་མཛེས་སྡུག་དང་དུས་རབས་ཀྱི་འགན་འཁྲི་མངོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་མགྱོགས་མྱུར་ངང་འཕོ་འགྱུར་བྱུང་བ་དང་། རྒྱལ་ཁབ་སོ་སོས་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་མཉམ་འབྲེལ། མཉམ་ལས་མཉམ་རྒྱལ་བྱེད་རྒྱུ་ནི་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཡིན་པས། ངས་ཀྲུང་གོ་དང་ཞི་ལཱའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་ལས་དང་ཤེས་རིག་བརྗེ་རེས་ཀྱི་འབྲེལ་ཐག་ཇེ་དམ་དུ་གཏོང་བ། ཀྲུང་གོ་དང་ཞི་ལཱའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་དར་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་གསུངས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注