མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཟི་ལིང་དུ་བསྐྱོད་དེ་རྟོག་ཞིབ་བརྗེ་རེས་གནང་།
ཟླ3པའི་ཚེས13ཉིན། མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཟི་ལིང་དུ་བསྐྱོད་དེ་རྟོག་ཞིབ་བརྗེ་རེས་གནང་སྟེ། མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལེའུ་གསར་པ་མཉམ་དུ་འཆར་འགོད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཕེབས་རོགས་བྱས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ཧྲི་ཅན་ཕིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་བྱས་ནས་འབྲེལ་ཡོད་བྱེད་སྒོར་ཞུགས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་གྲོང་གཙོ་གཞོན་པ་ཝང་ཀང་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གཉིས་ཀྱིས་སོ་སོར་ཟི་ལིང་དང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་ཤིང་། གྲོང་ཁྱེར་དང་ཁུལ་གཉིས་ཀྱི་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག
བཞུགས་མོལ་ཚོགས་འདུའི་སྟེང་། ཝང་ཝེ་ཏུང་གིས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་མཚོ་བྱང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་རྟོག་ཞིབ་བྱེད་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཟི་ལིང་དང་མཚོ་བྱང་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དངོས་དོན་འགུལ་སྐྱོད་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུའི“ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན”བྱེད་པའི་བླང་བྱ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན། མིག་སྔར། ཟི་ལིང་གིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་སྐུལ་འདེད། ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ལ་བཏོན་པའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད། མཚོ་བྱང་དང་མཉམ་དུ་རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་མཉམ་འདྲེས་དང་ཞབས་ཞུ། ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་གྱིས་སྣེ་ཁྲིད་བྱས་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་དང་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་བཏང་སྟེ། ས་གནས་གཉིས་ཀྱིས་ལེགས་ཆ་གསབ་རེས་དང་མཉམ་འགུལ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ཕན་འབྲས་སྔར་བས་ཆེ་བ་ཐོན་པར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་ཟི་ལིང་དང་མཚོ་བྱང་ཐུན་མོང་གིས་ལེགས་སྐྱེས་དབུལ་དགོས། ས་གནས་གཉིས་ཀྱིས་ལྗང་མདོག་གློག་མཁོ་འདོན་འགན་ལེན་དང་གློག་རྩིས་མཐུན་སྦྱོར། འོད་ཤུགས་བཀོལ་སྤྱོད་བཅས་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “ཁུངས”དང“ཐེག”གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། “ཁུངས་དྲ་ཐེག་གསོག”གཞི་གཅིག་ཅན་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ལྗང་མདོག་གློག་གི་རིན་ཐང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཐོད་བརྒལ་ཡོང་བར་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་ངོ་སྤྲོད་དང་སྤུས་ལེགས་ཡུལ་སྐོར་ལམ་ཐིག་གཏོད་པ། ཡུལ་སྐོར་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། རི་འཛེག་དང་རྐང་བགྲོད། ཉམས་ཞིབ་སོགས་ཁྱད་ལྡན་ཡུལ་སྐོར་མཉམ་སྐྲུན་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་ཚོང་ར་ཅན་དང་ཆེད་ལས་ཅན་གྱིས་སྤུས་ལེགས་ཟློས་གར་རྒྱུན་རྣམ་ཅན་དུ་འགྲེམས་འཁྲབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ས་གནས་གཉིས་ཀྱི་ཡུལ་སྐོར་ཐོན་རྫས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་ཐུན་མོང་ཐོག“ལྟེ་གདུབ་རྒྱུད”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོད་བརྒལ་ཡོང་བར་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་སྔོག་འདོན་དང་ཆས་རྟགས་གཏོད་པ། ཚད་ལྡན་མ་ལག་འཛུགས་སྐྲུན། ཕྱིར་གཏོང་ཐབས་ལམ་རྒྱ་སྐྱེད། ཐོན་རྫས་ལས་སྣོན་ཞིབ་ཚགས་བཅས་ཀྱི་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་བསྣན་ཏེ་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་ཇེ་རིང་དུ་གཏོང་བ་དང་རིན་ཐང་འབྲེལ་ཐག་མཐོ་རུ་བཏང་ནས་ཐུན་མོང་ཐོག་མཐོ་སྒང་གི་སྤུས་ཚད་མཐོ་བའི་རིན་ཐང་སྔོག་འདོན་དང་མངོན་ཐུབ་པར་ཐོད་བརྒལ་ཡོང་བར་བྱེད་དགོས། གཙོ་གནད་ལས་གཞི་མཉམ་འབྲེལ་ཚོང་འགུགས་དང་མཉམ་འགུལ་འཆར་འགོད་གསོག་འཇོག་བྱེད་པའི་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་བསྣན་ཏེ་ཚོང་འགུགས་ཐོན་ཁུངས་དང་ཐབས་ལམ། སྟེགས་བུ་བཅས་ཕན་ཚུན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ཚོང་འགུགས་མ་འདྲེན་གྱི“ས་བརྒལ་དཔལ་འབྱོར”རྣམ་པ་འཚོལ་ཞིབ་བྱེད་པའི་ཐད་ཐོད་བརྒལ་ཡོང་བར་བྱེད་དགོས། ཤེས་ལྡན་མི་སྣ་ནང་འདྲེན་དང་ལས་གཞི་ཐུམ་སྒྲིལ། སྤྱི་པའི་ཞབས་ཞུའི་འགན་སྲུང་བཅས་ཀྱི་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་བསྣན་ཏེ་མཉམ་ལས་ལམ་སྲོལ་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ས་གནས་གཉིས་གཉིས་ཕན་མཉམ་རྒྱལ་དང་མཉམ་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་ཡག་ཤོས་དང་ཕན་འབྲས་ཆེ་ཤོས་མངོན་འགྱུར་བྱས་ཏེ་ཐུན་མོང་ཐོག་ཤར་ནུབ་རྒྱུད་མཉམ་ལས་ལམ་སྲོལ་བེད་སྤྱོད་གང་ལེགས་བྱེད་པའི་ཐོད་བརྒལ་ཡོང་བར་བྱེད་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་གྲོང་ཁྱེར་གྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤར་རྒྱུར། ཟི་ལིང་དང་མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་པའི་གནས་ཁྱད་པར་བ་ཞིག་ཡིན་ལ་ས་ཁོངས་འབྲེལ་མཐུད་དང་རི་ཆུ་འབྲེལ་མཐུད། མི་ཆོས་རིག་གནས་འབྲེལ་མཐུད་གཏིང་ཟབ་ཅིང་། ཟི་ལིང་གྲོང་ཁྱེར་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ཀྱི་ལྟེ་བ་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གདུང་མ་ཆེན་པོ་འཁུར་བ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་མཁན་དང་གསར་གཏོད་འཕེལ་རྒྱས་ཀྱི་མདུན་སྐྱོད་པ་ཞིག་ཡིན་པའི་ཆ་ནས་ས་གནས་གཉིས་ཀྱི་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྣ་ཚོགས་ཀྱི་འགྲོ་འོང་ཟབ་པ་དང་དཔལ་འབྱོར་གྱི་འབྲེལ་བ་ཟབ་མོ་ཡོད། ཉེ་བའི་ལོ་གཉིས་རིང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་དབར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་རྫོང་དང་ཆུས་རིམ་པའི་མཉམ་འགུལ་ལམ་སྲོལ་བཙུགས་པ་དང<<ཙོང་ཆུའི་འབབ་རྒྱུད་ཀྱི་མཉམ་འགོག་མཉམ་བཅོས་མཉམ་ལས་གྲོས་མཐུན>>བཞག་ནས་ས་གནས་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་པ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། གསར་བརྗེའི་སློབ་གསོའི་ཉམས་ཞིབ་སྤེལ་བ། བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད། དམངས་འཚོ་འགན་སྲུང་སོགས་ཀྱི་ཐད་དགེ་མཚན་གསབ་རེས་དང་མཉམ་འགུལ་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཟེར། ཙོང་ཆུ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མནའ་འབྲེལ་གྱི་ནུས་པ་གཙོ་གནད་ཐོག་འཛུགས་པ་དང་འདོན་སྤེལ་ཡག་པོ་བྱས་ཏེ། ཟི་ལིང་གི་ལྟེ་བའི་གྲོང་ཁྱེར་གྱི་ལེགས་ཆར་བརྟེན་ནས་མཚོ་བྱང་གི་ནོར་གནག་དང་བོད་ལུག ནས། སྦྲང་རྩི་བཅས་དང་དེ་བཞིན་གྲང་བསིལ་སྔོ་ཚལ་སོགས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱས་ནས་མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ལྗོངས་ཁུལ་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོ། དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གྱི་གསར་བརྗེའི་ཉམས་ཞིབ་ས་ཚིགས་ཀྱི་གདང་བསྒྱུར་རིམ་སྤོར་བྱེད་པར་རམ་འདེགས་བྱེད་པ། ལྗང་མདོག་གློག་རྩིས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་སློབ་གསོའི་མནའ་འབྲེལ་འཛུགས་པ་དང་། མཐའ་མཚམས་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་འཛུགས་སྐྱོང་མནའ་འབྲེལ་འཛུགས་པ། དམིགས་འཛུགས་འཛད་སྤྱོད་རོགས་སྐྱོར་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ས་གནས་གཉིས་ཀྱི་རིམ་པ་སྔར་ལས་ཟབ་པ་དང་ཆུ་ཚད་སྔར་ལས་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
རྟོག་ཞིབ་བྱེད་རིང་། མཚོ་བྱང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་ཐེན་ཧི་འོད་ནུས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་ལྗང་གློག་རིག་ནུས་མཉམ་འདྲེས་དཔེ་སྟོན་གླིང་། ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཐོན་ལས་ཞབས་ཞུ་ལྟེ་གནས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་བརྟག་ཞིབ་གནང་སྟེ། འོད་ཤུགས་བཟོ་སྐྲུན་དང་ལྗང་མདོག་རྩིས་ནུས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན། རིག་གནས་ཡུལ་སྐོར་ཞབས་ཞུ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་ཁེ་ལས་གཉེར་སྐྱོང་། “ལྟེ་གཅིག”ཞབས་ཞུའི་ནུས་པ་འདོན་སྤེལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།
ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་ཧི་པོ་དང་བློ་གྲོས་རྣམ་རྒྱལ། ཞུའེ་ཡ་ཅུན། ཧྲིན་ཝུན་ཧྥེ། ཀྲང་ཅུན་ལུའུ། ཀྲའོ་ཧྲུའུ་ལན། ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲུང་ཀྲི་ཅུན། ཀྲང་ཐོ། སི་ཅི་ཧྲིན། ཧི་པིན། ཀང་ཧྥུའུ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注