ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི"ཞལ་སྒོ་འབྱེད་པའི་དུས་ཆེན"སྐབས་དང་པོའི་བྱེད་སྒོའི་མདའ་བཞི་ཡན་ལག་ཚོགས་རའི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་པ། 

ཟླ3པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཐབ་ཕྱོགས་དང་པོའི་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དང་སྨོན་ལམ་མཐོན་པོའི་གསར་བརྗེ་ཉམས་ཞིབ་རྟེན་གཞིར་བསྐྱོད་དེ་མཚོ་སྔོན་པོའི"ཞལ་སྒོ་འབྱེད་པའི་དུས་ཆེན"སྐབས་དང་པོའི་བྱེད་སྒོའི་མདའ་བཞི་ཡན་ལག་ཚོགས་རའི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་པ་དང་འབྲེལ་ཡུལ་དངོས་ནས་གཞུང་དོན་ཚོགས་འདུ་འཚོགས་ནས་ཞིབ་ཕྲའི་བྱ་བའི་བླང་བྱ་བཏོན། 

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་མདའ་བཞི་རྫོང་གི་བྱེད་སྒོའི་གྲ་སྒྲིག་བྱ་བའི་སྙན་ཞུ་གསན་པ་དང་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་དང་བྱེད་སྒོ་རྩ་འཛུགས།  སྔོན་གྱི་དྲིལ་སྒྲོག་སོགས་གྲ་སྒྲིག་བྱ་བར་ཡུལ་དངོས་སུ་ལྟ་ཞིབ་གནང་སྟེ་བསྟན་དོན། "མཚོ་སྔོན་པོའི་ཞལ་སྒོ་འབྱེད་པ། མི་ཚེ་ཡི་དུས་སྐབས་ཡག་ཤོས"ཞེས་པ་བརྗོད་དོན་ཡིན་པའི"ཞལ་སྒོ་འབྱེད་པའི་དུས་ཆེན"གྱི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་སྤེལ་རྒྱུ་ནི་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་། མཚོ་བྱང་གི་དཔྱིད་དུས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་པའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན་པས། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་རྐང་ཚ་རྫོང་དང་མདའ་བཞི་རྫོང་གིས་ཟླ3པའི་ཚེས20ཉིན་གྱི་དཔྱིད་དུས་སུ"ཞལ་སྒོ་འབྱེད་པའི་དུས་ཆེན"གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་དང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་མཚོ་སྔོན་པོའི"ཞལ་སྒོ་འབྱེད་པའི་དུས་ཆེན"ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི"རླབས་གཏོར་མདུན་སྐྱོད"ལ་རམ་འདེགས་བྱེད་དགོས་ཟེར། 

ཤ་བོ་སྐྱབས་ཀྱིས་ནན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གཅིག་ནས་ཡུལ་བབ་དང་བསྟུན་ནས་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་བྱ་བ་ཡག་པོ་སྒྲུབ་པ་དང་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གྱི་ཉམས་ཞིབ་བྱ་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་འགྲམ་གྱི་དར་དང་ཉ། བྱ་དང་དགོ་སྐྱ་སོགས་ཁྱད་ལྡན་གཞི་རྒྱུ་ལ་བརྟེན་ནས་བྱེད་སྒོའི་ལྟ་སྐོར་ལམ་ཐིག་འཆར་འགོད་ཞིབ་ཚགས་བྱེད་པ་དང་སྒུལ་བདེའི་ལྟ་སྐོར་སྟེགས་བུ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ངལ་གསོའི་སྟེགས་བུ་གཏོད་པ་དང་བྱེད་ནུས་ཁུལ་ངོ་སྤྲོད་བྱ་བ་ཡག་པོ་སྒྲུབ་དགོས་ལ། མཚོ་འགྲམ་གྱི་གད་སྙིགས་དང་ལྕགས་ར་གཙང་བཤེར་སོགས་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་བ་ཏན་ཏིག་ངང་སྤེལ་དགོས། གཉིས་ནས་སྨོན་ལམ་མཐོན་པོ་གསར་བརྗེ་ཉམས་ཞིབ་རྟེན་གཞི་ནས་མཚོ་སྔོན་པོའི་ཡུལ་ལྗོངས་ཧྲིལ་བོ་ལག་མཐིལ་དུ་ལོན་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལྡབ་མཐོ་རྒྱང་ཤེལ་སོགས་མཚོ་སྔོན་པོར་ལྟ་བའི་སྒྲིག་ཆས་ཁ་སྣོན་བརྒྱབ་ནས་ཡུལ་སྐོར་བའི་ཡུལ་ལྗོངས་ཡོངས་སུ་མཚོ་སྔོན་པོའི་མཚོ་དར་འཕེན་པ་དང་དེ་བཞིན་ཁེ་ཐུ་བྱེ་བཅོས་ས་ཚིགས་དང་བྱེ་མ་གསེར་ལྡན། བྱེ་གླིང་། མཚོ་སྙིང་། ལྷ་ཆབ་ཁུག བྱ་གླིང་བཅས་ཀྱི་ལྗོངས་ཁུལ་ལ་ལྟ་བར་སྟབས་བདེ་བསྐྲུན་དགོས་པ་དང་། རྟེན་གཞིའི་བྱེད་ལས་ཁུལ་གྱི་བཀོད་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་ཡུལ་སྐོར་བར་རླུང་འགོག་གྲང་བྱོལ་གྱི་གནས་འདོན་སྤྲོད་བྱེད་པ། མུ་མཐུད་ཡུལ་སྐོར་བར་ཞབས་ཞུ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་སྨྱན་སྦྱོར་དང་དེ་བཞིན་ཞིང་ཆེན་སྨྱན་སྦྱོར་དང་མཉམ་ལས་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་། དྲིལ་སྒྲོག་བརྙན་ཐུང་དང་བྱེད་སྒོའི་ཐད་གཏོང་སོགས་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད་དཔྱིད་དུས་སུ་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པར"ཞི་བའི་ངང་འབྱེད་པ་དང་དྲག་པོའི་ངང་འབྱེད་པ"དང་འདབ་ཆགས་ལ་བལྟ་བ་བཅས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས་པ་དང་། དབྱར་དུས་སུ་གསེར་ཉ་ཡར་བསྐྱོད་དང་སྐྱེ་འཕེལ་ཆུ་རྒྱུན་གློད་པའི་གཏམ་རྒྱུད་ཡག་པོ་བཤད་ནས་མཚོ་སྔོན་པོའི"ཞལ་སྒོ་འབྱེད་པའི་དུས་ཆེན"སྐབས་དང་པོའི་སྙན་གྲགས་དང་ཤུགས་རྐྱེན་མཐོ་རུ་གཏོང་དགོས། བཞི་ནས་བྱེད་སྒོའི་རྣམ་པ་ཡག་པོ་གཏོད་དགོས། རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་དང་མཚོ་སྔོན་པོའི་ནོར་གནག་དང་བོད་ལུག དེ་བཞིན་མཚོ་སྔོན་གྱོ་རྒྱ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་སྤེལ་བ་དང་། ཆུ་འོག་པར་ཆས་ཀྱིས་མཛེས་ལྗོངས་ལ་ལྟ་བ་སོགས་ཀྱི་ལས་གཞི་འཚོལ་ཞིབ་བྱས་ཏེ་བྱེད་སྒོར་རྣམ་པ་ཟབ་མོ་ཞིག་ཏན་ཏིག་གཏོད་དགོས་ཟེར། 

བརྟག་ཞིབ་གནང་བའི་སྐབས་སུ། ཤ་བོ་སྐྱབས་ཀྱིས་རིག་གནས་ཡུལ་སྐོར་གྱི་གཙོ་གནད་བྱ་བ་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་ཏེ་ནན་གྱིས་བསྟན་དོན། ཐེངས་འདིའི་མཚོ་སྔོན་པོའི"ཞལ་སྒོ་འབྱེད་པའི་དུས་ཆེན"སྐབས་དང་པོའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གསོན་འགྱུར་བེད་སྤྱོད་ཆུ་ཚད་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་སྤྱི་ཡོངས་ཀྱི་འཛུགས་སྐྲུན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང། སྨོན་ལམ་མཐོན་པོ་དང་དང་དམག་སྒར་བཅུ་གཉིས་པ་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ110ཡོད་ལ། མཚོ་སྔོན་པོའི་འགྲམ་གྱི་ཟི་ལིང་གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་གསར་བརྗེའི་ཉམས་ཞིབ་ས་ཚིགས་སོགས་འགྲིམ་འགྲུལ་ས་བབ་ཀྱི་ལེགས་ཆ་ལྡན་པ་བཅས་དྲིལ་སྒྲོག་ཡག་པོ་བྱེད་དགོས། ལྗོངས་ཁུལ་དང་ཉམས་ཞིབ་ས་ཚིགས་ཀྱི་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བྱེད་པ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས་ལ། ལྗོངས་ཁུལ་དང་གཞུང་ལམ་མཐའ་འཁོར་གྱི་སྡོང་འཛུགས་ལྗང་འགྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། རྟ་ཞོན་དང་མདའ་འཕེན་སོགས་ཉམས་ལེན་ས་ཚིགས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྨོན་ལམ་མཐོན་པོའི་སྒར་འདེབས་དང་ཕྱི་རོལ་རྟེན་གཞི་དུས་བཀག་ལྟར་སྒོ་ཕྱེ་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་དགོས། རྒྱལ་ཡོངས་ཀྱི་གཞུང་ལམ་བདག་སྐྱོང་གི"གསར་བཞིའི"ལག་རྩལ་དང་འགྲིམ་འགྲུལ་མཉམ་འདྲེས་ཀྱི་ཡུལ་དངོས་ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་མཇུག་བསྒྲིལ་མཛད་སྒོ་གཉེར་རྒྱུར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར། 

ཁུལ་གྱི་མགོ་ཁྲིད་ཀྲང་ཐོ་དང་མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号