མདོ་ལ་རྫོང་གིས“རྒྱུན་འཁྱོངས་ལྔ”ལག་བསྟར་སྒོས་ལས་དོན་སྤུས་ཚད་གོང་དུ་སྤེལ་བར་ནུས་ཤུགས་བཏོན།
ན་ནིང་ནས་བཟུང་། རྫོང་སྲིད་གཞུང་གཞུང་ལས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་སྒོས། རྫོང་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། “ཇུས་འདོན་པུའུ་དང་འཐབ་འཛིང་པུའུ། ལག་བསྟར་པུའུ། མཁོ་སྒྲུབ་པུའུ”བཅས་ཀྱི་བྱེད་ལས་འདོན་སྤེལ་ཏན་ཏིག་བྱས་ཏེ་ལས་འགན་ཁག་ལེགས་པར་གྲུབ་པ་དང་། རྫོང་སྲིད་གཞུང་མ་ལག་ཁྲོད་ཀྱི་ལས་ཕྱོད་མཐོ་བའི་འཁོར་རྒྱུག་དང་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཤིང་འགན་སྲུང་བྱས།སློབ་སྦྱོང་རྣམ་དག་དང་ཡིད་ཆེས་རྣལ་མ་རྒྱུན་འཁྱོངས་སྒོས་ཆབ་སྲིད་འཛུགས་སྐྲུན་སྔར་བས་ལྷག་པར་མི་སེམས་སུ་ཟུག་པ། ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་བརྩི་བ་ཐོག་མཐའ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་བྱས་ཐོག རང་རྟོགས་ངང་ཏང་ལ་བློ་དཀར་བ་ཡིག་ཆའི་བརྗོད་བྱ་དང་ཕྱོགས་བསྡུས་སྙོམས་སྒྲིག ཡིག་ཆ་དང་ཚོགས་འདུ་བཅས་ལས་དོན་ཁག་གི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ལ། བྱ་སྤྱོད་དངོས་ཀྱི་སྒོ་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་དང་ལག་བསྟར་བྱས། “སློབ་སྦྱོང་མཉམ་འགུལ་ཚོམས”གསར་གཏོད་གསར་སྐྲུན་དང“སྲིད་དོན་རོགས་རེས་ཚོགས་པ”སྒྲིག་འཛུགས་སྒོས་སྔ་ཕྱིར་གཅིག་བསྡུས་སློབ་སྦྱོང་ཐེངས40ལྷག་སྤེལ། ཉེན་བརྡའི་སློབ་གསོ་དང་སེམས་གཏམ་གླེང་མོལ་ཐེངས30ལྷག་ཙམ་སྤེལ་བས། “འགན་འཁྲི་གཉིས”དོན་འཁྱོལ་ནུས་ལྡན་ཡོང་བར་ཁག་ཐེག་བྱས།བློ་གྲོས་དང་སྟོབས་ཤུགས་སྩོལ་བ་རྒྱུན་འཁྱོངས་སྒོས་ཇུས་འདོན་སྲིད་འདེགས་ལ་སྔར་བས་ཐབས་ཤེས་ལྡན་པ། སྤུས་ལེགས་འདུ་ཤེས་སྲ་བརྟན་དུ་བསྐྱེད་ནས་ཐབས་གནད་དུ་འཁེལ་བར་འདོན་པ་དང་ཇུས་འགག་རྩར་གཞོལ་ནས་འགོད་པར་འབད་དེ། འགོ་ཁྲིད་ཀྱི་གཏམ་བཤད་དང་སྙན་ཞུ། སྤྱི་སྡོམ་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཆ200ལྷག་སྤུས་ཀ་ཅི་ལེགས་སུ་བྲིས། གཙོ་གནད་འབུར་དུ་དོད་པ་དང་འོས་འཚམས་ཀྱི་སྔོན་ཐོན་བཅས་རྒྱུན་འཁྱོངས་སྒོས་སྐྱེ་ཁམས་ཁོར་སྲུང་དང་གྲོང་གསེབ་དར་སྤེལ། རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཚ་གནད་དང་དཀའ་གནད་ལ་དམིགས་ནས། གྲོས་བཟང་བོ་འདོན་པ་དང་ཐབས་ལེགས་པར་འགོད་པ། ཇུས་ལེགས་པར་འདོན་པ་བཅས་ཀྱི་སྒོ་ནས། 2024ལོར་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ7ལེགས་འགྲུབ་བྱུང་། ཆ་འཕྲིན་ལྷུ་ཚིགས་ཀྱི་བྱེད་ནུས་ལ་ཤུགས་བསྣན་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི“ཆ་འཕྲིན་མི་སྣ”བྱེད་པར་བརྩོན་པ་དང་། 2024ལོར་རིགས་སྣ་ཚོགས་ཀྱི་ཆ་འཕྲིན་ཐེངས350ལྷག་སྤེལ་ཞིང་། ཞིང་ཆེན་དང་ཁུལ་གྱི་ཚགས་པར་དང་དྲ་རྒྱའི་སྨྱན་བྱད་དུ་གསར་འགྱུར165བཀོད།སྟོབས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་སྒོས་སྤྱི་འདོམས་མཐུན་སྦྱོར་ལ་ཚད་དང་ལྡན་པ། གོང་འོག་དང་གཡས་གཡོན། ཕྱི་ནང་ལ་མཐུན་སྦྱོར་འབྲེལ་འདྲིས་བྱེད་པའི་ལྟེ་སྙིང་ནུས་པས་ལས་དོན་གཙོ་བོ་དང་ཚོགས་འདུ་གལ་ཆེན། བྱེད་སྒོ་གལ་ཆེའི་སྟེང་གི་ལས་དོན་གྱི་འགྲོ་རིམ་དང་ཕྱོགས་སོ་སོའི་ནུས་ཤུགས་གཅིག་སྡུད་ཐད་མཐུན་སྦྱོར་དོན་འཁྱོལ་བྱས་ཏེ། “ཞབས་ཞུ་ཆེན་མོའི”ལས་ཀའི་རྣམ་པ་གྲུབ་ཡོད། 2024ལོར་ཞིང་ཆེན་དང་ཁུལ་གྱི་སྐུལ་སྒྲུབ་དོན་ཚན66དང་། འགོ་ཁྲིད་ཀྱི་མཆན་བཀོད189 དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་གྲོས་འགོ49སྒྲུབ་གཉེར་བྱས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་འགོ་ཁྲིད་བརྟག་དཔྱད་རྟོག་འདོམས་རིགས70ལྷག་ནུས་མཐོའི་མཐུན་སྦྱོར་བྱས། སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་སྟོན་དང་རྐང་བགྲོད་འགྲན་སྡུར་སོགས་བྱེད་སྒོ་ཆེན་པོ10ལྷག་གི་ཞབས་ཞུར་འགན་སྲུང་བྱས། ཞིབ་ཚགས་གནད་སྨིན་རྒྱུན་འཁྱོངས་སྒོས་སྐུལ་སྒྲུབ་དོན་འཁྱོལ་ལ་ཤུགས་དང་ལྡན་པ། “གཙོ་གནད་འབུར་ཐོན་དང་དཀའ་གནད་སེལ་བ། གནད་འགག་དམ་འཛིན”གྱི་ལས་དོན་ལམ་ཕྱོགས་ལྟར། བཀའ་རྒྱ་བཏང་བ་དང་སྐུལ་སྒྲུབ་དོན་འཁྱོལ། གནས་ཚུལ་ཕྱིར་ལྡོག ཇུས་ཐག་བསམ་འཆར་གྱི་བརྒྱུད་རིམ་ཡོངས་ཀྱི་ཞབས་ཞུའི་རྣམ་པ་བསྐྲུན། རིམ་པ་སོ་སོའི་ཇུས་ཐག་བཀོད་སྒྲིག་གི“སྔོན་མའི་སྤྱི་ལེ་གཅིག”དང“མཐའ་མའི་སྤྱི་ལེ་གཅིག”ཡོངས་སུ་དོན་འཁྱོལ་དངོས་འབེབས་བྱས། 2024ལོའི《སྲིད་གཞུང་ལས་དོན་སྙན་ཞུ》དང་དམངས་འཚོའི་དོན་དངོས། འགོ་ཁྲིད་རྟོག་ཞིབ། ཚོགས་འདུ་གལ་ཆེན་སོགས་ལས་གཏན་འཁེལ་བྱས་པའི་ལས་འགན་གཙོ་བོ150ལྷག་སྐུལ་སྒྲུབ་བྱས།བརྩེ་འདུན་དྲོན་མོ་རྒྱུན་འཁྱོངས་སྒོས་དམངས་ཀྱི་ཞབས་ཞུར་ནུས་པ་ལྡན་པ། དྲ་ཐོག་གི་དོན་སྒྲུབ་ཚན་པ228དང་། མྱུར་དུ་སྒྲུབ་པའི་དོན་དག113 ཞིང་ཆེན་བརྒལ་ནས་སྒྲུབ་པའི་དོན་ཚན82 འབྱུང་མང་དོན་དག18 ཤེས་གསལ་ཁས་ལེན་དོན་ཚན60 “དོན་དག་སྒྲུབ་པའི་བརྒྱུད་རིམ་དུ་ང་ནི་དམངས་དང་ལྷན་དུ་ཡོད”པའི་དོན་གནད76སྒོ་ཀུན་ནས་གསེད་བཀྲོལ་དང་ལེགས་སྒྱུར་བྱས། 2024ལོར། སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་དོན་དག་བསྒྲུབ་ཏུ་ཡོང་བའི་མང་ཚོགས་ཁྲི19.9སྣེ་ལེན་བྱས་ཤིང་། སྲིད་འཛིན་མཆན་བཀོད་དང་སྤྱི་པའི་ཞབས་ཞུའི་དོན་ཚན་ཁྲི19.9དང་ལེན་དང་། དུས་ཡུན་ནང་དོན་ཚན་ཁྲི19.9སྒྲུབ་གཉེར་བྱས། སྒྲུབ་གཉེར་ཚད་ནི100%ཡིན།
ན་ནིང་ནས་བཟུང་། རྫོང་སྲིད་གཞུང་གཞུང་ལས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་སྒོས། རྫོང་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། “ཇུས་འདོན་པུའུ་དང་འཐབ་འཛིང་པུའུ། ལག་བསྟར་པུའུ། མཁོ་སྒྲུབ་པུའུ”བཅས་ཀྱི་བྱེད་ལས་འདོན་སྤེལ་ཏན་ཏིག་བྱས་ཏེ་ལས་འགན་ཁག་ལེགས་པར་གྲུབ་པ་དང་། རྫོང་སྲིད་གཞུང་མ་ལག་ཁྲོད་ཀྱི་ལས་ཕྱོད་མཐོ་བའི་འཁོར་རྒྱུག་དང་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཤིང་འགན་སྲུང་བྱས།
སློབ་སྦྱོང་རྣམ་དག་དང་ཡིད་ཆེས་རྣལ་མ་རྒྱུན་འཁྱོངས་སྒོས་ཆབ་སྲིད་འཛུགས་སྐྲུན་སྔར་བས་ལྷག་པར་མི་སེམས་སུ་ཟུག་པ། ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་བརྩི་བ་ཐོག་མཐའ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་བྱས་ཐོག རང་རྟོགས་ངང་ཏང་ལ་བློ་དཀར་བ་ཡིག་ཆའི་བརྗོད་བྱ་དང་ཕྱོགས་བསྡུས་སྙོམས་སྒྲིག ཡིག་ཆ་དང་ཚོགས་འདུ་བཅས་ལས་དོན་ཁག་གི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ལ། བྱ་སྤྱོད་དངོས་ཀྱི་སྒོ་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་དང་ལག་བསྟར་བྱས། “སློབ་སྦྱོང་མཉམ་འགུལ་ཚོམས”གསར་གཏོད་གསར་སྐྲུན་དང“སྲིད་དོན་རོགས་རེས་ཚོགས་པ”སྒྲིག་འཛུགས་སྒོས་སྔ་ཕྱིར་གཅིག་བསྡུས་སློབ་སྦྱོང་ཐེངས40ལྷག་སྤེལ། ཉེན་བརྡའི་སློབ་གསོ་དང་སེམས་གཏམ་གླེང་མོལ་ཐེངས30ལྷག་ཙམ་སྤེལ་བས། “འགན་འཁྲི་གཉིས”དོན་འཁྱོལ་ནུས་ལྡན་ཡོང་བར་ཁག་ཐེག་བྱས།
བློ་གྲོས་དང་སྟོབས་ཤུགས་སྩོལ་བ་རྒྱུན་འཁྱོངས་སྒོས་ཇུས་འདོན་སྲིད་འདེགས་ལ་སྔར་བས་ཐབས་ཤེས་ལྡན་པ། སྤུས་ལེགས་འདུ་ཤེས་སྲ་བརྟན་དུ་བསྐྱེད་ནས་ཐབས་གནད་དུ་འཁེལ་བར་འདོན་པ་དང་ཇུས་འགག་རྩར་གཞོལ་ནས་འགོད་པར་འབད་དེ། འགོ་ཁྲིད་ཀྱི་གཏམ་བཤད་དང་སྙན་ཞུ། སྤྱི་སྡོམ་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཆ200ལྷག་སྤུས་ཀ་ཅི་ལེགས་སུ་བྲིས། གཙོ་གནད་འབུར་དུ་དོད་པ་དང་འོས་འཚམས་ཀྱི་སྔོན་ཐོན་བཅས་རྒྱུན་འཁྱོངས་སྒོས་སྐྱེ་ཁམས་ཁོར་སྲུང་དང་གྲོང་གསེབ་དར་སྤེལ། རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཚ་གནད་དང་དཀའ་གནད་ལ་དམིགས་ནས། གྲོས་བཟང་བོ་འདོན་པ་དང་ཐབས་ལེགས་པར་འགོད་པ། ཇུས་ལེགས་པར་འདོན་པ་བཅས་ཀྱི་སྒོ་ནས། 2024ལོར་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ7ལེགས་འགྲུབ་བྱུང་། ཆ་འཕྲིན་ལྷུ་ཚིགས་ཀྱི་བྱེད་ནུས་ལ་ཤུགས་བསྣན་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི“ཆ་འཕྲིན་མི་སྣ”བྱེད་པར་བརྩོན་པ་དང་། 2024ལོར་རིགས་སྣ་ཚོགས་ཀྱི་ཆ་འཕྲིན་ཐེངས350ལྷག་སྤེལ་ཞིང་། ཞིང་ཆེན་དང་ཁུལ་གྱི་ཚགས་པར་དང་དྲ་རྒྱའི་སྨྱན་བྱད་དུ་གསར་འགྱུར165བཀོད།
སྟོབས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་སྒོས་སྤྱི་འདོམས་མཐུན་སྦྱོར་ལ་ཚད་དང་ལྡན་པ། གོང་འོག་དང་གཡས་གཡོན། ཕྱི་ནང་ལ་མཐུན་སྦྱོར་འབྲེལ་འདྲིས་བྱེད་པའི་ལྟེ་སྙིང་ནུས་པས་ལས་དོན་གཙོ་བོ་དང་ཚོགས་འདུ་གལ་ཆེན། བྱེད་སྒོ་གལ་ཆེའི་སྟེང་གི་ལས་དོན་གྱི་འགྲོ་རིམ་དང་ཕྱོགས་སོ་སོའི་ནུས་ཤུགས་གཅིག་སྡུད་ཐད་མཐུན་སྦྱོར་དོན་འཁྱོལ་བྱས་ཏེ། “ཞབས་ཞུ་ཆེན་མོའི”ལས་ཀའི་རྣམ་པ་གྲུབ་ཡོད། 2024ལོར་ཞིང་ཆེན་དང་ཁུལ་གྱི་སྐུལ་སྒྲུབ་དོན་ཚན66དང་། འགོ་ཁྲིད་ཀྱི་མཆན་བཀོད189 དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་གྲོས་འགོ49སྒྲུབ་གཉེར་བྱས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་འགོ་ཁྲིད་བརྟག་དཔྱད་རྟོག་འདོམས་རིགས70ལྷག་ནུས་མཐོའི་མཐུན་སྦྱོར་བྱས། སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་སྟོན་དང་རྐང་བགྲོད་འགྲན་སྡུར་སོགས་བྱེད་སྒོ་ཆེན་པོ10ལྷག་གི་ཞབས་ཞུར་འགན་སྲུང་བྱས།
ཞིབ་ཚགས་གནད་སྨིན་རྒྱུན་འཁྱོངས་སྒོས་སྐུལ་སྒྲུབ་དོན་འཁྱོལ་ལ་ཤུགས་དང་ལྡན་པ། “གཙོ་གནད་འབུར་ཐོན་དང་དཀའ་གནད་སེལ་བ། གནད་འགག་དམ་འཛིན”གྱི་ལས་དོན་ལམ་ཕྱོགས་ལྟར། བཀའ་རྒྱ་བཏང་བ་དང་སྐུལ་སྒྲུབ་དོན་འཁྱོལ། གནས་ཚུལ་ཕྱིར་ལྡོག ཇུས་ཐག་བསམ་འཆར་གྱི་བརྒྱུད་རིམ་ཡོངས་ཀྱི་ཞབས་ཞུའི་རྣམ་པ་བསྐྲུན། རིམ་པ་སོ་སོའི་ཇུས་ཐག་བཀོད་སྒྲིག་གི“སྔོན་མའི་སྤྱི་ལེ་གཅིག”དང“མཐའ་མའི་སྤྱི་ལེ་གཅིག”ཡོངས་སུ་དོན་འཁྱོལ་དངོས་འབེབས་བྱས། 2024ལོའི《སྲིད་གཞུང་ལས་དོན་སྙན་ཞུ》དང་དམངས་འཚོའི་དོན་དངོས། འགོ་ཁྲིད་རྟོག་ཞིབ། ཚོགས་འདུ་གལ་ཆེན་སོགས་ལས་གཏན་འཁེལ་བྱས་པའི་ལས་འགན་གཙོ་བོ150ལྷག་སྐུལ་སྒྲུབ་བྱས།
བརྩེ་འདུན་དྲོན་མོ་རྒྱུན་འཁྱོངས་སྒོས་དམངས་ཀྱི་ཞབས་ཞུར་ནུས་པ་ལྡན་པ། དྲ་ཐོག་གི་དོན་སྒྲུབ་ཚན་པ228དང་། མྱུར་དུ་སྒྲུབ་པའི་དོན་དག113 ཞིང་ཆེན་བརྒལ་ནས་སྒྲུབ་པའི་དོན་ཚན82 འབྱུང་མང་དོན་དག18 ཤེས་གསལ་ཁས་ལེན་དོན་ཚན60 “དོན་དག་སྒྲུབ་པའི་བརྒྱུད་རིམ་དུ་ང་ནི་དམངས་དང་ལྷན་དུ་ཡོད”པའི་དོན་གནད76སྒོ་ཀུན་ནས་གསེད་བཀྲོལ་དང་ལེགས་སྒྱུར་བྱས། 2024ལོར། སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་དོན་དག་བསྒྲུབ་ཏུ་ཡོང་བའི་མང་ཚོགས་ཁྲི19.9སྣེ་ལེན་བྱས་ཤིང་། སྲིད་འཛིན་མཆན་བཀོད་དང་སྤྱི་པའི་ཞབས་ཞུའི་དོན་ཚན་ཁྲི19.9དང་ལེན་དང་། དུས་ཡུན་ནང་དོན་ཚན་ཁྲི19.9སྒྲུབ་གཉེར་བྱས། སྒྲུབ་གཉེར་ཚད་ནི100%ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注