མཚོ་བྱང་ཁུལ་དགུན་དུས་ཡུལ་སྐོར་ལས་རིགས་ཀྱིས་དམངས་ལ་ཡོང་སྒོ་བསྣན།
2024ལོའི་དགུན་མགོ་ཚུགས་པ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གངས་འཁྱགས་ཐོན་ལས་སྒུལ་ཤུགས་སུ་བྱས་ཏེ“གངས་འཁྱགས+ལས་ཞུགས”ཀྱི་རྣམ་པ་གསར་གཏོད་བྱས་ནས་ཁྱོན་བསྡོམས་རོང་འབྲོག་པ་ཁྲི3ལྷག་ཙམ་ལ་ཉེ་འཁོར་ལས་ཞུགས་ཡོང་བར་སྐུལ་འདེད་བཏང་བ་དང་། མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཁྲི1.5ལས་བརྒལ་ནས་མཐོ་སྒང་དགུན་དུས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་བཏོད།
མེ་ལྷ་གངས་དཀར་གྱི་རི་འདབས་སུ་ལས་བཟོ་བས་ཡུལ་སྐོར་བར་ཇ་བཟླུགས་བཞིན་པ།
མེ་ལྷ་གངས་དཀར་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སོགས་གངས་འཁྱགས་ཡུལ་སྐོར་ཐོན་ཁུངས9གཅིག་གྱུར་འཆར་འགོད་བྱས་ནས་ཐོན་ལས་འབྲེལ་ཐག་ཧྲིལ་བོའི་ལས་ཞུགས་མ་ལག་བཙུགས། དུས་མགོར་གངས་འཁྱགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་བཏང་ནས་མི58ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས། བར་དུ་གངས་འཁྱགས་ཡུལ་སྐོར་ཁེ་ལས22གསོ་སྐྱོང་བྱས་པ་དང་སྒྲིག་བཀོད་སྲུང་སྐྱོང་དང་གངས་ཤུད་རྩལ་ཁྲིད་པ་སོགས་ལས་གནས448གསར་སྤེལ་བྱས། མཇུག་ཏུ་བཟའ་བཏུང་ཞག་སྡོད་སོགས་སྒྲིག་བཀོད་ཚང་བའི་ཞབས་ཞུ་རྒྱུན་མཐུད་བྱས་ནས་ལས་ཞུགས་གོ་སྐབས246གསར་དུ་བསྣན། དམིགས་བསལ་དུ་བཏོད་པའི“འཁྱག་གིས‘བསྡམས་པའི’མཚོ་སྔོན་པོ་དང་གངས་ཀྱིས‘གཡོག་པའི’མདོ་ལ་རི་བོ”སོགས་བརྗོད་དོན་ལམ་ཐིག་ཆེན་མོ་བདུན་བསྐྲུན་ནས་གངས་ཤུད་དང་ཆུ་ཚན། དམངས་སྲོལ་མགྲོན་ཁང་སོགས་ཉམས་ལེན་ལས་གཞི་སྦྲེལ་མཐུད་བྱས་ཏེ་དུས་རིམ་རང་བཞིན་གྱི་མི་ཐེངས8000ལས་ཞུགས་སྤོ་སྒྱུར་བྱེད་པར་སྐུལ་ཁྲིད་བྱས་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལ་སླེབས།
“འཇུ་ལག་མེ་ལྷ་གངས་དཀར་གངས་འཁྱགས་ཡུལ་སྐོར”གྱི་ངལ་ལས་ཆས་རྟགས་ལ་བརྟེན་ནས། ས་གནས་དེ་གའི་མ་དངུལ་སྒོར་ཁྲི་སྟོང་ལྷག་ཙམ་བཏང་ནས་ལྗོངས་ཁུལ་གྱི་སྒྲིག་བཀོད་རིམ་སྤོར་དང་། མེ་ལྷ་གངས་དཀར་ཚོང་ཁྲོམ་དང་རྒྱལ་སྤྱིའི་གངས་ཤུད་འགྲན་སྡུར་ཆེན་མོའི་ཁལ་རྟའི་སྐྱེལ་ཕྲེང་སོགས་ཁྱད་ཆོས་ལྡན་པའི་ལས་གཞི་གསར་གཏོད་བྱས་ནས་ལས་ཞུགས་ལས་གནས357ཆགས་པ་དང་ལས་ཞུགས་མི་སྣའི་ཉིན་རེའི་ཡོང་འབབ་སྒོར200ཟིན། མདོ་ལའི་སྟོང་སོའི་སྒར་འདེབས་རྟེན་གཞིར་ཡུལ་ལྗོངས་སྦྲེལ་ཐག་སྒྱུར་བཀོད་དང་རིག་གནས་གསར་གཏོད་ཚོང་ཁང་མང་དུ་བཏང་བ་བརྒྱུད་མང་ཚོགས་ཀྱིས“དགུན་དུས་ཁོམ་ལོང་བར་ནས”“ཡུལ་སྐོར་ཟ་མ”ཟ་ཐུབ་བྱུང་།
ས་གནས་མང་ཚོགས་ཀྱིས་མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ལྗོངས་ཁུལ་དུ་སྲེག་ཟས་བཙོང་བཞིན་པ།
ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཁུལ་ཡོངས་ནས་ཟ་ཁང་ཞབས་ཞུ་དང་ཀྲུང་ལུགས་གཡོས་སྦྱོར་སོགས་ཆེད་དོན་གསོ་སྦྱོང་མི་ཐེངས800སྤེལ་བ་དང་སྐད་གཉིས་ཡུལ་སྐོར་སྣེ་ཤན་པ་དང་གློག་རྡུལ་ཚོང་དོན་དགེ་རྒན་སོགས་ཤེས་ལྡན་མི་སྣ་གསར་བ220གསོ་སྐྱོང་བྱས། ཧྲན་ཏུང་གི་རོགས་སྐྲུན་མ་དངུལ་ནང་འདྲེན་བྱས་ནས་གཡོས་སྦྱོར་རྩལ་ནུས་མཐོར་འདེགས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ། འདེམས་བསྐོ་བྱས་པའི་ཁྱད་ལྡན་སྔོ་ཚལ5སྐད་གཉིས་ཀྱི་ལམ་ནས་རྒྱལ་སྤྱིའི་ཐོག་ངོ་སྤྲོད་བྱས་པ་བརྒྱུད“མདོག་ལྔའི་གཡང་ས། དག་སྣང་མཚོ་བྱང”གི་ཡུལ་སྐོར་ཆས་རྟགས་ལ་རིག་གནས་ཀྱི་ནང་དོན་གསར་བ་བསྣན།
མིག་སྔར། མཚོ་བྱང་ཁུལ་ལ་གངས་འཁྱགས་སྒྲིག་ཆས་བཟོ་སྐྲུན་དང་ཡུལ་སྐོར་ཞབས་ཞུ། རིག་གནས་ཉམས་ལེན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་ཀྱི་རྣམ་པ་ཆགས་ཡོད། “གངས་འཁྱགས་དཔལ་འབྱོར+རྩལ་ནུས་གསོ་སྦྱོང+ཆས་རྟགས་གསར་གཏོད”གསུམ་མཉམ་འགུལ་བྱས་པ་བརྒྱུད་དགུན་དུས་ཡུལ་སྐོར་ཐོན་ཁུངས་ནུས་ལྡན་ངང་གསར་བཟོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་གཉིས་རྒྱལ་ཡོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注