ཀྲང་གོ་ཆིན་གྱིས་ཧེ་པེའི་ཞོང་ཨན་ཁུལ་གསར་དུ་རྟོག་ཞིབ་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཚེས13ཉིན་ཧི་པེ་ནས་ཀྲུང་དབྱང་ཁེ་ལས་ཀྱིས་ཞོང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་འབྲེལ་ཡོད་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་ཞོང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་ཐུན་མིན་ཁྱད་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཤུགས་ཆེན་པོ་དང་བྱེད་ཐབས་སྔར་ལས་བཟང་བོས་ཞོང་ཨན་ཁུལ་གསར་གྱི་ཚད་གཞི་མཐོ་བའི་འཆར་འགོད་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།
ཀྲང་གོ་ཆིན་སྔ་གཞུག་ཏུ་ཀྲུང་གོའི་འཁོར་སྐར་དྲ་བ་དང་ཀྲུང་གོའི་ཧྭ་ནིན། ཀྲུང་གོའི་གཏེར་ཁ་སོགས་སུ་སོང་ནས་ཀྲུང་དབྱང་ཁེ་ལས་ཀྱིས་ཁེ་ལས་གཞན་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཞོང་ཨན་འཆར་འགོད་འགྲེམ་སྟོན་ལྟེ་གནས་དང་གྲོང་ཁྱེར་རྩིས་ལེན་ལྟེ་གནས་ནས་ཞོང་ཨན་ཁུལ་གསར་གྱི་སྤྱིའི་འཆར་འགོད་དང་ཀྲུང་དབྱང་ཁེ་ལས་དག་འཛུགས་སྐྲུན་ལ་ཞུགས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། ཞོང་ཨན་ཁུལ་གསར་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་རོགས་ལས་འཕེལ་རྒྱས་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། སྟོང་ལོའི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ལས་ཀྱི་རྨང་གཞི་བཟང་བ་དང་། སྐུལ་ཁྲིད་ནུས་པ་བཟང་བ། མ་དངུལ་དང་འཇོན་མི་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཞོང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ནུས་ཁུར་དུ་ལེན་པར་སྟོབས་ཤུགས་ཕུལ་ཡོད་ཟེར།
ཀྲང་གོ་ཆིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་དངུལ་གཏོང་ཁེ་ལས་ཀྱིས་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཞོང་ཨན་ཁུལ་གསར་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞོང་ཨན་ཁུལ་གསར་གྱི་བྱེད་ནུས་ངེས་གནས་དང་འགན་འཁྲིའི་ལས་འགན། རྩ་དོན་རེ་བ་བཅས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། སྔར་ལས་བརྩོན་སེམས་ཆེན་པོས་ཞོང་ཨན་ཁུལ་གསར་གྱི་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ཏེ་ཞབས་ཞུ་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱི་ནུས་ཁུངས་དང་གློག་ཤུགས། འཕྲིན་གཏོང་། ལྕགས་ལམ་འགྲུམ་འགྲིལ་སོགས་ཁྱབ་ཁོངས་ཀྱི་དམིགས་བསལ་ཁྱད་ནུས་བེད་སྤྱོད་བྱས་ཤིང་། ཧུར་ཐག་སྒོས་ཞོང་ཨན་ཁུལ་གསར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ཚད་ལྡན་སྣེ་ཁྲིད་དང་སྤུས་ཚད་མཐོ་བའི་གཞོགས་འདེགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་གཏོང་བར་རོགས་འདེགས་བྱེད་དགོས། ཕྱོགས་ཡོངས་ནས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་དངོས་འབེབས་བྱེད་པ་དང་ཞོང་ཨན་ཁུལ་གསར་ནས་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཚོད་ལྟའི་ལྟེ་གནས་སོགས་ཆུ་ཚད་མཐོ་བའི་གསར་གཏོད་སྟེགས་བུ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རང་བདག་གསར་གཏོད་དང་མ་བཅོས་གསར་གཏོད་ཀྱི་ཐབས་ཇུས་འབྱུང་ཁུངས་གསར་བསྐྲུན་བྱས་ནས། ཞོང་ཨན་ཁུལ་གསར་གྱི་དུས་ཡུན་རིང་བོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་དགོས། མྱུར་མོར་ཐོན་ལས་གཅིག་བསྡུས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་རབས་གསར་བའི་བརྡ་འཕྲིན་ལག་རྩལ་དང་འཁོར་སྐར་མཉམ་འབྲེལ་དྲ་རྒྱ། སྐྱེ་དངོས་ལག་རྩལ། རྒྱུ་ཆ་གསར་བ་སོགས་ཁྱབ་ཁོངས་ལ་ཁ་གཏད་དེ། ས་གནས་རང་གི་རིགས་སོ་སོའི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་གསོ་སྤེལ་དང་སྟོབས་ལྡན་དུ་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཤིང་། ཧུར་ཐག་སྒོས་པེ་དབྱང་ཏེན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་དང་ཆུ་ལོག་འགོག་པའི་བཟོ་སྐྲུན་གྱི་འཛུགས་སྐྲུན་ནང་ཞུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞོང་ཨན་ཁུལ་གསར་གྱི་གནོད་འགོག་གནོད་སེལ་ནུས་པ་མཐོར་འདེགས་བཏང་ནས། ལྷད་མེད་བདེ་འཇགས་ཀྱི་འཚོ་གནས་ཁྱིམ་གཞིས་བཟང་བོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注