《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གཅེས་བཏུས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པའི་དཔེ་དེབ་དེ། ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།   ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་ཡིན་པས། མི་དམངས་མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དང་འབྲེལ་བས། ཏང་དང་རྒྱལ་ཁབ་ལས་དོན་གྱི་རྒྱལ་ཕམ་ཐག་གིས་གཅོད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པ་ནས་མགོ་རྩོམ་པ་དང་། གོང་ནས་འོག་དང་རང་དཔེ་གཞན་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གནས་བབ་གསར་པའི་འོག་གི་སྤྱོད་ཚུལ་འཛུགས་སྐྲུན་གྱིས་ཅི་ཞིག་དམ་དུ་འཛིན་དགོས་པ་དང་ཇི་ལྟར་དམ་འཛིན་བྱེད་དགོས་པའི་གནད་དོན་ཐག་གིས་བཅད་ཡོད། གཏན་འབེབས་བརྒྱད་དངོས་འབེབས་བྱས་མ་ཐག་ཏུ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་གསོན་ཤུགས་རྒྱས་ཤིང་། ཏང་སྲོལ་དང་སྲིད་སྲོལ་རྣམ་པ་གསར་རྐྱང་དུ་གྱུར་ལ། སྤྱི་ཚོགས་ཀྱི་སྣང་ཚུལ་དང་དམངས་སྲོལ་མུ་མཐུད་ལེགས་ཕྱོགས་སུ་ཕྱིན་པས། སྤྱོད་ཚུལ་འཛུགས་སྐྲུན་གྱི་རྣམ་པ་གསར་པར་བརྟེན་ནས་རང་རེའི་ཏང་ལ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་སྲུང་སྐྱོང་ཐོབ། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་ཏེ་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པས། སྙིང་རུས་རྒྱུན་འཁྱོངས་ཀྱིས་སྤྱོད་བསྲང་སྒྲིག་ནན་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། འཛེར་རྡེབ་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་གི་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་ནི་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་བརྟན་པོའི་སྲོག་ཤིང་ཡིན་པར་ཁག་ཐེག་བྱས་པ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གོམ་སྟབས་བརྟན་པོའི་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཤིན་ཏུ་གལ་ཆེན་ལྡན།

《རྣམ་བཤད་གཅེས་བཏུས》དེ་ཆེད་དོན9རུ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་རྣམ་བཤད་དོན་ཚན299ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2025ལོའི་ཟླ2པའི་བར་སྤེལ་བའི་སྙན་ཞུ་དང་། གསུང་བཤད། མཛུབ་སྟོན། གླེང་གཞི་སོགས་ཡིག་ཆ་གལ་ཆེན130ལས་བཏུས་ཡོད། དེའི་ཁྲོད་ཀྱི་རྣམ་བཤད་ཁ་ཤས་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号