རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཕྱིར་ཟི་ལིང་དུ་ལོག

ཟླ3པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་ནས་ཕྱིར་ཟི་ལིང་དུ་ལོག

ཚོགས་ཆེན་སྐབས་སུ། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དག་གིས་འགན་སྒྲུབ་ནན་མོ་བྱས་པ་དང་། དམངས་ཚིས་དང་བཅོས་སྒྱུར་སོགས་ཀྱི་གྲོས་དོན་གཙོ་བོར་དམིགས་ཤིང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ནས། མི་དམངས་ཀྱི་འདོད་བློ་དང་སེམས་གཏམ་གང་ལེགས་སྒོས་མཚོན་པར་བྱས། ཁོ་ཚོས་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོར་བརྟེན་ནས་གཏན་ཁེལ་བྱས་པའི་བརྒྱུད་རིམ་ལྟར་བསྡོམས་པས་གྲོས་འཆར1དང་གྲོས་གཞི121སྤྲད་པ་དང་། དེའི་ནང་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོའི་ནང་དོན་འདུ་ལ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཚོ་སྔོན་འཛུགས་སྐྲུན་ཐད་བློ་འདོན་ཇུས་འབུལ་བྱས།

འཐུས་མི་ཏུང་ཆོན་མེན་གྱིས་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བ་དང་། འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཟིན་ལ། འབད་འཐབ་དམིགས་འབེན་ཡང་གཏན་ཁེལ་གསལ་བོ་བྱས་ཡོད་པས། རྗེས་ཕྱོགས་སུ་ངས་རང་འབྲེལ་ཁྱབ་ཁོངས་ལ་ཟུང་འབྲེལ་བྱས་ནས། རང་འགན་བྱ་བ་བཟང་བོར་བསྒྲུབ་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་བཟང་བོ་བྱས་ཏེ། ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་སུ་བསྒྱུར་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

འཐུས་མི་མཱ་ཧྥུའུ་ཁྲང་གིས་འདི་ནི་མི་སེམས་གཅིག་ཏུ་བསྡུ་བ་དང་ཁ་ཕྱོགས་གསལ་བོར་སྟོན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། བྱ་བའི་ལས་རྐང་སྟེང་ལོག་རྗེས། ངས་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། ཚོགས་ཆེན་གྱི་དགོངས་དོན་ཉིན་རྒྱུན་གྱི་བྱ་བའི་ཁྲོད་འདྲེས་པར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། སྔར་ལས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་གཞི་དང་བསམ་འཆར་བཏོན་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་པ་དང་། དུས་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གསར་འབྱེད་པ་དང་དངོས་གཉེར་པ་བྱེད་རྒྱུ་ཡིན་ཟེར།

དུང་བརྡ་བསྒྲགས་ཟིན་པ་དང་འབད་འཐབ་བྱེད་པའི་དུས་ལ་ཐོན་ཡོད་པས། འཐུས་མི་ཚོས་མཐའ་གཅིག་ཏུ། བྱ་བའི་ལས་རྐང་སྟེང་ལོག་རྗེས། གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། རང་དཔེ་གཞན་སྟོན་དང་སྔོན་དུ་མིག་དཔེ་བྱེད་པ། རང་འཁྲིའི་བྱ་བར་རྐང་བཙུགས་ནས། རྒྱལ་ཁབ་དང་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་བ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་མི་དམངས་ཀྱི་རེ་སྒུག་དང་མངག་བཅོལ་ལ་ལན་འདེབས་རྒྱུ་ཡིན་པའི་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号