ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚེས12ཉིན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཡིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཞི་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། ཏང་ཀྲུང་དབྱང་གི་གཏན་འབེབས་ལྟར། 2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་ནས་ཟླ7པའི་བར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་དངོས་སུ་འཆར་འགོད་གནང་ནས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོ་གཏན་འཁེལ་མཛད་ལ། གསུངས་བཤད་གལ་ཆེན་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ། སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་པ་དང་། དེ་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ངེས་པ་དོན་གྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཐེངས་འདིའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ། ཏང་གི་སྤྱོད་ཚུལ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང་ལ་མ་ལག་ལྡན་པའི་སྒོ་ནས་སྤྱི་སྡོམ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱས་པའི་ཐད་གནས་པའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གཏིང་ཟབ་བྱེད་པ། དོན་དངོས་ལ་ཟུང་འབྲེལ་བྱས་ནས་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ། ཐུན་མོང་བཅོས་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ནས་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ཡོད་པ། བཅོས་སྒྱུར་ལ་ཕན་འབྲས་ཡོད་པར་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སློབ་སྦྱོང་སློབ་གསོར་སྤྱི་འགན་འཁུར་བ་དང་། རིགས་དགར་ནས་མཛུབ་སྟོན་བྱས་ཏེ་ཕྱི་ཚུལ་རིང་ལུགས་གཏན་འགོག་དང་ངོ་གཉིས་ཅན་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། དྲིལ་སྒྲོག་ཁྲིད་སྟོན་ལ་དོ་སྣང་བྱས་ཏེ་སློབ་སྦྱོང་སློབ་གསོ་གོ་རིམ་ཡོད་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས།
ལིས་ཀན་ཅེ་དང་ལིས་ཧྲུའུ་ལེ། མུའུ་ཧུང་། ཅང་ཞིན་ཀྲི་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注