ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས12ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ལ་ཞུགས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་འགན་ཁུར་བློ་མཐུན་དང་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་འཚམས་འདྲི་དང་བཀའ་དྲིན་ཞུས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་། ཁྲིམས་ལུགས་ཚགས་པར་ཁང་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་འཐབ་ཕྱོགས་དང་པོའི་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་ཚབ་བྱ་འགུལ་ལ་ཞུགས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག ཚོགས་ཆེན་དྲུང་ཡིག་ཁྲུའུ་དང་འབྲེལ་ཡོད་ལས་ཁུངས་སོ་སོ། གསར་འགྱུར་ལས་ཁུངས་གཙོ་བོ་བཅས་ཀྱིས་མཐུན་སྒྲིལ་བརྟན་བརླིང་བསྔགས་སྐུལ་དང་། དྲང་ཕྱོགས་དྲིལ་སྒྲོག་གཙོ་བོ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། བདེན་སྲུང་གསར་གཏོད་དང་ནུས་ཤུགས་ཡོད་རྒུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་ལེགས་པོར་བསྒྲུབས་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བདེ་བླག་ངང་ཡོངས་འགྲུབ་བྱས། 

གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱ་འགུལ་གལ་ཆེན་གཙོ་བོར་བཟུང་ནས་ཁྱབ་བསྒྲགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ལྟ་བ་གསར་བ་དང་ཆོད་དོན་གསར་བ། བླང་བྱ་གསར་བ་གཏིང་ཟབ་ཏུ་དྲིལ་སྒྲོག་བྱས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཙོ་འཛིན་གྱི་ཉམས་འགྱུར་དང་དམངས་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས། གཉིས་ནས་ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྒྲོག་བྱས་ཏེ། ཤུགས་ཆེན་པོས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་གླེང་། གསུམ་ནས་དངོས་གཉེར་ནུས་མཐོ་ཡི་དམངས་གཙོ་ལག་ལེན་མངོན་པར་བྱས་ཏེ། ཚོགས་ཆེན་གྱི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་གྱི་ཉམས་སྣང་གང་ལེགས་སྒོས་མཚོན་པར་བྱས། 

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཚང་མས་མུ་མཐུད་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་དམངས་ཆེན་གྱི་བྱ་བ། དམངས་ཆེན་གྱི་འཐུས་མི་བཅས་ཀྱི་གསར་འགྱུར་ཁུངས་སྣེ་འདི་དག་སྔོག་འདོན་གཏིང་ཟབ་དང་བཀོལ་སྤྱོད་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་མི་སེམས་སུ་སིམ་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་མཉམ་དུ་ལེགས་པོར་བཤད་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号