《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི།《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་དེབ་དེ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།
ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་ཡིན་པ་དང་མི་སེམས་ཀྱི་གཏད་སོ་དང་འབྲེལ་བ་ཡོད་པའི་དབང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ངོས་ནས་བཤད་ན། དེར་རྒྱལ་ཕམ་ཐག་གཅོད་ཀྱི་ནུས་པ་ལྡན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཅེས་པ་དངོས་སུ་བཏོན་ནས་དོན་འཁྱོལ་བྱེད་མགོ་བརྩམས་པར་མ་ཟད། གཏན་འབེབས་དོན་ཚན་བརྒྱད་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱས་ཏེ། གོང་རིམ་ནས་འོག་རིམ་དང་གོང་དཔེ་འོག་སྟོན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གནས་བབ་གསར་པའི་འོག་གི་སྤྱོད་ཚུལ་འཛུགས་སྐྲུན་ཐད་ནས་ཅི་ཞིག་དམ་འཛིན་བྱེད་དགོས་པ་དང་ཇི་ལྟར་དམ་འཛིན་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་ཡོད། གཏན་འབེབས་དོན་ཚན་བརྒྱད་ཇི་མ་ཇི་བཞིན་དངོས་འབེབས་དོན་འཁྱོལ་བྱས་པའི་འགྲོས་དང་བསྟུན་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་བྱ་བར་གསོན་ཤུགས་རྒྱས་པ་དང་། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་ལས་གཞན། སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་མུ་མཐུད་ཇེ་ལེགས་སུ་ཕྱིན་པར་བརྟེན། ང་ཚོའི་ཏང་ལ་སྤྱོད་ཚུལ་འཛུགས་སྐྲུན་གྱི་རྣམ་པ་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུར་དམིགས་ཏེ་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར། གཟིགས་རྒྱང་རིང་ལ་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་རྒྱ་ཆེ་བ་བཅས་ཀྱི་ཁྱད་ཆོས་ཀུན་ནས་རྫོགས་ཡོད་ཅིང་། དེར་དུས་ཡུན་རིང་བོར་སྤྱོད་བཟང་སྒྲིག་ནན་ཡོང་བར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་དོན་འཁྱོལ་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ངན་བཞི”ཡོ་བསྲང་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་རང་རྟོགས་ཚད་མཐོན་པོ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་འདི་ཉིད་དུས་རྣམ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡུན་རིང་བོར་གོང་འཕེལ་གཏོང་བ་བཅས་ཀྱི་ཐད་དུ་དོན་སྙིང་ཆེན་པོ་ལྡན།
《རྒྱས་བཤད་བཏུས་བསྒྲིགས》ལ་ཆེད་དོན9ཡོད་པ་དང་། ཁྱོན་བསྡོམས་རྒྱས་བཤད་ཚན་པ299ཡིས་གྲུབ་ཡོད་ལ། དེབ་དེའི་ནང་དུ། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2025ལོའི་ཟླ2པའི་བར་གྱི་སྙན་ཞུ་དང་གཏམ་བཤད། མཛུབ་སྟོན། གླེང་གཞི་སོགས་ཚད་ལྡན་ཡིག་ཆ་གལ་ཆེན130ལྷག་བསྡུས་ཡོད། དེའི་ནང་གི་རྒྱས་བཤད་ཁག་ཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注