གཅིག་སྒྲིལ་རྫོང་གིས“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ།
ཟླ2པའི་ཚེས13ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཅིག་སྒྲིལ་གྱི་དངོས་ཡོད་ལ་ཟུང་འབྲེལ་དམ་པོ་བྱེད་པ་དང་། འབྲོག་ཁུལ་གྱི་ས་ཁོངས་ཁོད་ཡངས་པ་དང་མི་སྡོད་ཁོར་ཡུག་ལྟོས་བཅོས་ཀྱི་ཁ་འཐོར་ཡིན་པ། སྒྲོག་འགྲེལ་གྱི་ཁེབས་ཚད་ཁྱབ་ཆུང་བ། སྒྲོག་འགྲེལ་གྱི་རྣམ་པ་སྣ་གཅིག་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ཏེ། 《ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་གཞུང་ལུགས་དྲིལ་སྒྲོག་སྤེལ་བའི་ཇུས་གཞི》སྒྲིག་བཟོ་འགྲེམས་སྤེལ་བྱས་པ་དང་། སྒྲོག་འགྲེལ་བྱེད་ཐབས་གསར་སྐྲུན་དང་སྒྲོག་འགྲེལ་སྤུས་འབྲས་ལ་དོ་སྣང་བྱེད་པ། གཞུང་ལུགས་ཀྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྤྱི་ལེ་གཅིག”ནུས་ལྡན་གྱིས་ཤར་གཏོང་བྱས་ཏེ། ཏང་གི་གཞུང་ལུགས་མང་ཚོགས་དཀྱུས་མའི་ཁྱིམ་དུ་ཁྱབ་ཏུ་བཅུག ཐེངས་འདིའི་སྒྲོག་འགྲེལ་ནི་སྔོན་ཆད་ཀྱི“མི་གཅིག་གིས་བཤད་ན་མང་པོས་ཉན་པ”དང“དཔེ་དེབ་གཞིར་བཟུང་ནས་སྒྲོག་འདོན་བྱེད་པ”“ཆུ་ཆེན་འདྲེན་པ”ལྟ་བུའི་སྒྲོག་འགྲེལ་མ་དཔེ་དང་མི་འདྲ་བར། ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་སྤེལ། སྒྲོག་འགྲེལ་བྱ་བ་གོ་རིམ་གཉིས་སུ་བགོས་ཡོད་ཏེ། གོ་རིམ་དང་པོ་ནི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཆབ་སྲིད་དང་ལས་སྒོ་གཙིགས་སུ་འཛིན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྫོང་ཡོངས་ཀྱི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་དང་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོ་རྩ་འཛུགས་བྱས་ནས་སྣེ་འབྲེལ་སྡེ་བར་སྐྱོད་པ། སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་འགྲེལ་བྱས་ཤིང་། གཞུང་ལུགས་དྲིལ་སྒྲོག་གི་ཁེབས་ཚད་ཇེ་ཆེར་བཏང་ནས་ཁྱོན་ཡོངས་ལ་ཁེབས་སུ་འཇུག་རྒྱུ་དེ་ཡིན་པ་དང་། གོ་རིམ་གཉིས་པ་ནི་རྫོང་ཨུའི་དྲིལ་སྒྲོལ་པུའུ་ཡིས་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་སྒྲོག་འགྲེལ་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། ལས་རིགས་སྡེ་ཁག14དང་རྫོང་ཨུའི་ཏང་གི་སློབ་གྲྭའི་ཕུལ་བྱུང་དགེ་རྒན་གྱིས་གྲུབ་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱེད་པ། མང་ཚོགས་དང་དྲི་བ་དྲིས་ལན་འདེབས་རེས་བྱེད་པ་བརྒྱུད། སྒྲོག་འགྲེལ་གྱི་གྲུབ་འབྲས་དང་ཁྱབ་ཚད་ཇེ་མཐོར་བཏང་སྟེ། ཐེངས་འདིའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཁྱད་ཆོས་ཐོན་པར་བྱེད་པ་དེ་ཡིན། ཐེངས་འདིའི“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་གྱིས། མང་ཚོགས་ཀྱི་མཐོང་ལམ་དང་སྐད་ཆ་དང་བརྩེ་བ་བཅས་ལ་བརྟེན་ནས་ཏང་གི་གསར་སྐྲུན་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱས་པར་མང་ཚོགས་ཀྱིས་དགའ་བསུ་ཐོབ་པར་མ་ཟད། མང་ཚོགས་ཀྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་ཡག་པོ་དང་ངོས་ཟིན་ཟབ་མོ་ཐོབ་ལ། སྲིད་ཇུས་ལས་ཁེ་བཟང་སྔར་བས་མང་པོ་ཐོབ་སྟེ། “ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་གཟོ་བ། ཏང་གི་རྗེས་འབྲང་བའི”ཆོད་སེམས་སྔར་བས་བརྟན་པོར་གྱུར་ཚུལ་བརྗོད། ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱི་གྲུབ་འབྲས་མངོན་གསལ་ལྡན་པ་ཞིག་རེད། དྲིལ་སྒྲོག་རྒྱུ་ཆ་བསྡོམས་པས5000ལྷག་བྱིན་པ་དང་། མང་ཚོགས3000ལྷག་བཀུག་ཏེ་ཡུལ་དངོས་སུ་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན60ལྷག་ལ་དྲིས་ལན་བཏབ། གོ་རིམ་རྗེས་མར། རྫོང་ཨུ་དྲིལ་སྒྲོག་པུའུ་ཡིས་སྒྲོག་འགྲེལ་བྱེད་ཐབས་རྒྱུན་མཐུད་སྒོས་ལེགས་སྒྱུར་དང་། ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་སྒྲོག་འགྲེལ་རྣམ་པ་དང་ནང་དོན་ཕུན་ཚོགས་སུ་གཏོང་བ། ཐེངས་འདིའི་སྒྲོག་འགྲེལ་བྱ་བའི་ལག་ལེན་ཉམས་མྱོང་སྤྱི་བསྡོམས་དང་སྙིགས་དོར་བཅུད་ལེན་བྱེད་པ། གནས་ལུགས་ཆེན་པོ་གོ་བདེར་བརྗོད་པ་དང་གནས་ལུགས་ཆུང་ཆུང་ཞིབ་རྒྱས་སུ་བཤད་དེ། ཏང་གི་གཞུང་ལུགས་སྲིད་ཇུས་མུ་མཐུད་དུ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས། །
ཟླ2པའི་ཚེས13ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཅིག་སྒྲིལ་གྱི་དངོས་ཡོད་ལ་ཟུང་འབྲེལ་དམ་པོ་བྱེད་པ་དང་། འབྲོག་ཁུལ་གྱི་ས་ཁོངས་ཁོད་ཡངས་པ་དང་མི་སྡོད་ཁོར་ཡུག་ལྟོས་བཅོས་ཀྱི་ཁ་འཐོར་ཡིན་པ། སྒྲོག་འགྲེལ་གྱི་ཁེབས་ཚད་ཁྱབ་ཆུང་བ། སྒྲོག་འགྲེལ་གྱི་རྣམ་པ་སྣ་གཅིག་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ཏེ། 《ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་གཞུང་ལུགས་དྲིལ་སྒྲོག་སྤེལ་བའི་ཇུས་གཞི》སྒྲིག་བཟོ་འགྲེམས་སྤེལ་བྱས་པ་དང་། སྒྲོག་འགྲེལ་བྱེད་ཐབས་གསར་སྐྲུན་དང་སྒྲོག་འགྲེལ་སྤུས་འབྲས་ལ་དོ་སྣང་བྱེད་པ། གཞུང་ལུགས་ཀྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྤྱི་ལེ་གཅིག”ནུས་ལྡན་གྱིས་ཤར་གཏོང་བྱས་ཏེ། ཏང་གི་གཞུང་ལུགས་མང་ཚོགས་དཀྱུས་མའི་ཁྱིམ་དུ་ཁྱབ་ཏུ་བཅུག ཐེངས་འདིའི་སྒྲོག་འགྲེལ་ནི་སྔོན་ཆད་ཀྱི“མི་གཅིག་གིས་བཤད་ན་མང་པོས་ཉན་པ”དང“དཔེ་དེབ་གཞིར་བཟུང་ནས་སྒྲོག་འདོན་བྱེད་པ”“ཆུ་ཆེན་འདྲེན་པ”ལྟ་བུའི་སྒྲོག་འགྲེལ་མ་དཔེ་དང་མི་འདྲ་བར། ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་དེ“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་སྤེལ། སྒྲོག་འགྲེལ་བྱ་བ་གོ་རིམ་གཉིས་སུ་བགོས་ཡོད་ཏེ། གོ་རིམ་དང་པོ་ནི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཆབ་སྲིད་དང་ལས་སྒོ་གཙིགས་སུ་འཛིན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྫོང་ཡོངས་ཀྱི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་དང་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོ་རྩ་འཛུགས་བྱས་ནས་སྣེ་འབྲེལ་སྡེ་བར་སྐྱོད་པ། སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་འགྲེལ་བྱས་ཤིང་། གཞུང་ལུགས་དྲིལ་སྒྲོག་གི་ཁེབས་ཚད་ཇེ་ཆེར་བཏང་ནས་ཁྱོན་ཡོངས་ལ་ཁེབས་སུ་འཇུག་རྒྱུ་དེ་ཡིན་པ་དང་། གོ་རིམ་གཉིས་པ་ནི་རྫོང་ཨུའི་དྲིལ་སྒྲོལ་པུའུ་ཡིས་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་སྒྲོག་འགྲེལ་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། ལས་རིགས་སྡེ་ཁག14དང་རྫོང་ཨུའི་ཏང་གི་སློབ་གྲྭའི་ཕུལ་བྱུང་དགེ་རྒན་གྱིས་གྲུབ་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱེད་པ། མང་ཚོགས་དང་དྲི་བ་དྲིས་ལན་འདེབས་རེས་བྱེད་པ་བརྒྱུད། སྒྲོག་འགྲེལ་གྱི་གྲུབ་འབྲས་དང་ཁྱབ་ཚད་ཇེ་མཐོར་བཏང་སྟེ། ཐེངས་འདིའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཁྱད་ཆོས་ཐོན་པར་བྱེད་པ་དེ་ཡིན། ཐེངས་འདིའི“སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་གྱིས། མང་ཚོགས་ཀྱི་མཐོང་ལམ་དང་སྐད་ཆ་དང་བརྩེ་བ་བཅས་ལ་བརྟེན་ནས་ཏང་གི་གསར་སྐྲུན་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱས་པར་མང་ཚོགས་ཀྱིས་དགའ་བསུ་ཐོབ་པར་མ་ཟད། མང་ཚོགས་ཀྱིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་ཡག་པོ་དང་ངོས་ཟིན་ཟབ་མོ་ཐོབ་ལ། སྲིད་ཇུས་ལས་ཁེ་བཟང་སྔར་བས་མང་པོ་ཐོབ་སྟེ། “ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་གཟོ་བ། ཏང་གི་རྗེས་འབྲང་བའི”ཆོད་སེམས་སྔར་བས་བརྟན་པོར་གྱུར་ཚུལ་བརྗོད།
ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱི་གྲུབ་འབྲས་མངོན་གསལ་ལྡན་པ་ཞིག་རེད། དྲིལ་སྒྲོག་རྒྱུ་ཆ་བསྡོམས་པས5000ལྷག་བྱིན་པ་དང་། མང་ཚོགས3000ལྷག་བཀུག་ཏེ་ཡུལ་དངོས་སུ་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན60ལྷག་ལ་དྲིས་ལན་བཏབ། གོ་རིམ་རྗེས་མར། རྫོང་ཨུ་དྲིལ་སྒྲོག་པུའུ་ཡིས་སྒྲོག་འགྲེལ་བྱེད་ཐབས་རྒྱུན་མཐུད་སྒོས་ལེགས་སྒྱུར་དང་། ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་སྒྲོག་འགྲེལ་རྣམ་པ་དང་ནང་དོན་ཕུན་ཚོགས་སུ་གཏོང་བ། ཐེངས་འདིའི་སྒྲོག་འགྲེལ་བྱ་བའི་ལག་ལེན་ཉམས་མྱོང་སྤྱི་བསྡོམས་དང་སྙིགས་དོར་བཅུད་ལེན་བྱེད་པ། གནས་ལུགས་ཆེན་པོ་གོ་བདེར་བརྗོད་པ་དང་གནས་ལུགས་ཆུང་ཆུང་ཞིབ་རྒྱས་སུ་བཤད་དེ། ཏང་གི་གཞུང་ལུགས་སྲིད་ཇུས་མུ་མཐུད་དུ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注