ཐཱ་སུའུ་ལཱ་སི་ཡིས་དམ་བཅའ་བཞག་སྟེ་ཞི་ལཱའི་ཙུང་ཐུང་གསར་བའི་འགན་ཁུར།

ཐཱ་སུའུ་ལཱ་སི་ཡིས་ཚེས13ཉིན་དམ་བཅའ་བཞག་སྟེ་ཞི་ལཱའི་ཙུང་ཐུང་གསར་བའི་འགན་ཁུར་བ་དང་། འགན་ཡུན་ལོ་ངོ་ལྔ་རེད།

ཐཱ་སུའུ་ལཱ་སི་ཡིས་ཞི་ལཱའི་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཞི་ལཱའི་མི་ཚང་མའི་ཙུང་ཐུང་ཡིན་པའི་ཆ་ནས། ངས་ནུས་པ་གང་ཡོད་བཏོན་ནས་རྩ་ཁྲིམས་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཆ་ཚང་ཡོང་བ་དང་ཞི་ལཱའི་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཐཱ་སུའུ་ལཱ་སི་ནི1959ལོར་སྐྱེས་པ་དང་། སྔོན་ཆད་ཞི་ལཱའི་ཁྲིམས་རིག་སློབ་གླིང་ནས་སློབ་སྦྱོང་བྱས་མྱོང་། ཁོས2014ལོར་ཞི་ལཱའི་རིག་གནས་དང་ལུས་རྩལ་པུའུ་ཀྲང་གི་འགན་ཁུར་བ་དང་། 2019ལོ་ནས་བཟུང་བསྟུད་མར་ཐེངས་གསུམ་ལ་འདེམ་ཤོག་མང་བོའི་རྒྱབ་སྐྱོར་ཐོབ་ནས་ཞི་ལཱའི་གྲོས་ཁང་གི་གྲོས་དཔོན་ལ་བདམས་ཐོན་བྱུང་།

ད་ལོའི་ཟླ2པའི་ཚེས12ཉིན། ཐཱ་སུའུ་ལཱ་སི་སྲིད་འཛིན་པའི་དམངས་གཙོ་གསར་བའི་ཏང་གི་ཙུང་ཐུང་འདེམ་སྒུག་པ་ཡིན་པའི་ཆ་ནས་ཞི་ལཱའི་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་པ་རེད།

ཞི་ལཱའི་རྩ་ཁྲིམས་ལྟར་ན། ཞི་ལཱ་ནི་གྲོས་ཁང་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་ལ། གྲོས་ཁང་གི་འདེམ་བསྐོ་ལས་བདམས་ཐོན་བྱེད་པ་དང་། འགན་ཡུན་ལོ་ངོ་ལྔ་ཡིན་ལ་བསྟུད་འགན་ཐེངས་གཅིག་ཁུར་ཆོག་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号