ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་འཇིགས་སྐུལ་དང་གཏོར་བརླག་འགུལ་སྐྱོད་རབ་དང་རིམ་པ་ཕམ་ཉེས་སུ་བཏང་།
ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས13ཉིན་བཤད་རྒྱུར། ཁྲིམས་བསྟར་མི་སྣས་ཁྲེ་ལི་ཡཱ་པེན་སི་ཁི་གནམ་གྲུ་ཐང་ནས་སྤོས་ཆུར་བརྫུས་པའི་སྟབས་བདེ་འགད་རྫས་ལྔ་གཏོར་ལེན་བྱས་ཏེ། ཨུ་རུ་སིའི་སྲིད་གཞུང་མི་སྣ་དང་དམག་མིར་དམིགས་པའི་འཇིགས་སྐུལ་དང་གཏོར་བརླག་འགུལ་སྐྱོད་རབ་དང་རིམ་པ་ཕམ་ཉེས་སུ་བཏང་།
ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། འགུལ་སྐྱོད་དེ་དག་དམིགས་བསལ་དམག་དོན་འགུལ་སྐྱོད་ལ་ཞུགས་པའི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དམག་མི་དང་དེར་རོགས་རེས་བྱེད་པའི་སྲིད་གཞུང་གི་མི་སྣར་དམིགས་པ་རེད་ཟེར།
ཁྲིམས་བསྟར་མི་སྣས་དེའི་རྗེས་སུ། 2003ལོར་སྐྱེས་པའི་ཨུ་རུ་སིའི་སྤྱི་དམངས་ཤིག་འཛིན་བཟུང་བྱས། བསྒྲགས་པ་ལྟར་ན་མི་དེ་ཝུའུ་ཁི་ལན་གྱི་གསང་འཕྲིན་སྡེ་ཁག་གིས་གླས་ཡོད་པ་དང་། མའོ་སི་ཁོ་དང་བོ་ལོ་ནེ་རི། ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ། སཱ་ལཱ་ཐའོ་ཧྥུའུ་མངའ་སྡེ་བཅས་སུ་སྡོད་པའི་ཨུ་རུ་སིའི་སྲིད་གཞུང་དང་དམག་ཕྱོགས་མི་སྣར་དངོས་པོ་བསྐུར་བའི་འཆར་གཞི་ཡོད་པ་དང་། དངོས་པོ་དེ་ཁ་ཕྱེས་ཚེ་འགས་གཏོར་སྒྲིག་ཆས་འགས་གཏོར་འབྱུང་སྲིད་པ་རེད།
ལས་ཁུངས་དེས་ཨུ་རུ་སིའི་སྤྱི་དམངས་ཀྱིས་དོགས་ཟོན་མཐོར་འདེགས་བྱས་ཏེ། མི་ཆ་མེད་ཀྱིས་བསྐུར་བའི་དངོས་པོ་དང་ལེགས་སྐྱེས་དང་ལེན་བྱེད་མི་རུང་བའི་གསལ་འདེབས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注