ཅི་ཨར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གྲོས་མཐུན་བཀོད།
ཅིར་ཅི་སི་སི་ཐན་གྱི་ཁཱ་པཱ་ཨར་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་དང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་ཚེས13ཉིན་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁི་ནས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གྲོས་མཐུན་བཀོད།
གྲོས་མཐུན་བཀོད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་རྒྱལ་མཚམས་ཀྱི་ཞིབ་བཤེར་ས་ཚིགས་གཉིས་སྒོ་འབྱེད་བྱས་པའི་ཐད་གཏོང་བརྙན་རིས་ལ་བལྟས།
ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་རིང་ཚད་ལ་ཧ་ལམ་སྤྱི་ལེ་དགུ་བརྒྱ་དང་བདུན་ཅུ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས2002ལོ་ནས་བཟུང་རྒྱལ་མཚམས་ཀྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་མགོ་བརྩམས། 2021ལོའི་ཟླ4བའི་ཟླ་མཇུག་ནས་ཟླ5བའི་ཟླ་མགོའི་བར། རྒྱལ་ཁབ་གཉིས་བར་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱུང་བ་དང་། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ད་ལྟའི་བར་དུ་བཀག་སྡོམ་བྱས་པ་རེད།
2022ལོའི་སྟོན་ཁ་ནས་བཟུང་། ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་རྒྱལ་མཚམས་དབྱེ་བའི་ཐད་ནས་གྲོས་མོལ་གང་མང་བྱས་པ་དང་། 2024ལོའི་ཟླ12པར་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་དབྱེ་བའི་བྱ་བ་ཡོངས་འགྲུབ་བྱས། 2025ལོའི་ཟླ2པར། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་རྒྱལ་མཚམས་དབྱེ་བའི་མཇུག་མཐའི་གྲོས་ཆོད་ཡི་གེ་བཀོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注