མཚོ་ནུབ་ཀྱིས་དམངས་ཕན་གྱི་དོན་དངོས19ལེགས་པར་བསྒྲུབས་ནས། དམངས་ཚིས་བདེ་སྐྱིད་ཇེ་ཆེར་བཏང་།
ཟླ2པའི་ཚེས17ཉིན།གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་མཚོ་ནུབ་ཁུལ་གྱིས་དམངས་ཚིས་ཁྱབ་ཁོངས་སུ་མུ་མཐུད་དུ་ཤུགས་བསྣན་ནས། དམངས་ཕན་དོན་དངོས་19ལེགས་པར་བསྒྲུབས་སྟེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་། འཕེལ་རྒྱས་ཀྱི་མཐའ་མའི་དམིགས་ཡུལ་ནི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བར་བྱ་རྒྱུ་དེ་ཡིན་ལ།མཚོ་ནུབ་ཁུལ་གྱིས་དམངས་ཚིས་ཀྱི་འཕར་རྩ་འདི་ལ་དམིགས་ཏེ་ལས་ཞུགས་བརྟན་གཏོང་དང་དམངས་ལ་ཕན་པ་ཐོབ་རྒྱུ་དང་། སྲིད་ཇུས་རང་བཞིན་གྱི་གདན་ཞུའི་ལས་གཞི། སློབ་གསོ་གཉོམ་ཞན་གྱི་སློབ་གྲྭའི་ནུས་པ་ཆེ་རུ་གཏོང་བའི་ལས་གཞི། སློབ་གསོ་སྲུང་སྐྱོབ་ལས་གནས་ཉོ་བའི་ལས་གཞི། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ལས་གཞི།དམངས་འཚོ་རྒྱུད་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་ལས་གཞི། དབང་བོ་སྐྱོན་ཅན་གྱི་རོགས་སྐྱོར་དང་འཚོ་བའི་ཁ་གསབ་སྟེར་བའི་ལས་གཞི། ལོ་ལོན་གྱི་ཟ་མའི་ཐད་རོགས་རམ་དང་ཁ་གསབ་སྟེར་བའི་ལས་གཞི། འདེབས་འཛུགས་གསོ་སྤེལ་ཁ་གསབ་ལས་གཞི། འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞི་དང་སྤྱི་པའི་ལུས་རྩལ་ཁང་ལ་སོགས་པར་རིན་གོང་དམའ་མོ་དང་རིན་མེད་ངང་སྒོ་འབྱེད་པ། ལུས་སྦྱོང་ཞབས་ཞུའི་བྱེད་ལས་འཐུས་ཚང་དུ་གཏོང་བ། དམངས་ཕན་འཛད་སྤྱོད་ཀྱི་འགུལ་སྐྱོད་ལས་གཞི། ཟས་རིགས་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་འཐེན་བཤེར་བྱེད་པའི་ལས་གཞི། མཁའ་ལམ་གཉེར་སྐྱོང་ཁ་གསབ་ལས་གཞི།གྲོང་གསེབ་གཞུང་ལམ་ཞིག་གསོའི་ལས་གཞི། ཡུལ་སྐོར་གསང་སྤྱོད་བཅོས་སྐྱོང་མཐོར་འདེགས་བྱེད་པའི་འགུལ་སྐྱོད་ཀྱི་ལས་གཞི། གློག་སྒུལ་རྐང་འཁོར་གྱི་གློག་གསོག་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་སོགས་དམངས་ཕན་དོན་དངོས19ཤུགས་འདོན་སར་བརྩིས་སྟེ། དམངས་ཚིས་བདེ་འཇགས་བརྟན་པོའི་ངང་མཐོར་འདེགས་བཏང་ནསའཕེལ་རྒྱས་ཀྱི་གྲུབ་འབྲས་མང་བོ་ཞིག་མང་ཚོགས་ཀྱིས་དངོས་སུ་ལོངས་སྤྱོད་ཐུབ་པར་བྱས།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན2024ལོར་མཚོ་ནུབ་ཁུལ་གྱི་དམངས་ཚིས་ཁྱབ་ཁོངས་ཀྱི་འགྲོ་གྲོན་གྱིས་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི81%ཟིན་ཡོད་ལ། རིགས་ཆེན་པོ10ཡི་རྣམ་གྲངས27ལྷག་གིདམངས་ཚིས་དོན་དངོས་ཡོངས་འགྲུབ་བྱས་བ་དང་། རིམ་པ་སོ་སོའི་ནོར་སྲིད་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར6དང་བྱེ་བ2ས་ཡ8དོན་འཁྱོལ་བྱས་པ་དང་། ལས་གཞི234ལག་བསྟར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注