ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ཞི་བའི་གྲོས་མཐུན་འཆར་ཟིན་གྱི་མ་ཡིག་གི་གྲོས་མོལ་ཡོངས་འགྲུབ་བྱས།

ཨ་སེ་པེད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཚེས13ཉིན་ཁྱབ་བསྒྲགས་བྱས་དོན། ཨེ་མེ་ནི་ཡཱའི་བར་ཞི་མཐུན་ཡོང་བ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་གྲོས་མཐུན་འཆར་ཟིན་གྱི་མ་ཡིག་གི་གྲོས་མོལ་མཇུག་སྒྲིལ་ཡོད་ཟེར།

ཨ་སེ་པེད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འབྲེལ་ཡོད་གྲོས་མོལ་གྱི་འཕེལ་རིམ་མཇུག་སྒྲིལ་ཡོད་ཀྱང་། ཨེ་མེ་ནི་ཡཱ་ཡིས་རྩ་ཁྲིམས་བཟོ་བཅོས་བྱས་ནས་ཨ་སེ་པེད་ཅང་གི་མངའ་ཁོངས་ཀྱི་རེ་བ་མེད་པར་གཏོང་བ་ནི་གྲོས་མཐུན་འགོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་སེ་པེད་ཅང་གིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་འཕེལ་རིམ་གྱི་འབྲེལ་ཡོད་གནད་དོན་ཐད་ནས་ཕྱོགས་གཉིས་གྲོས་མོལ་སྤེལ་འདོད་ཡོད་ཟེར།

གཞན་ཡང་ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཨ་སེ་པེད་ཅང་བར་གྱི་ཞི་བའི་གྲོས་མཐུན་འཆར་ཟིན་གྱི་མ་ཡིག་གཏན་འབེབས་བྱས་ཡོད་པ་དང་། ཨེ་མེ་ནི་ཡཱ་ཕྱོགས་ཀྱིས་གྲོས་མཐུན་འགོད་པའི་དུས་ཚོད་དང་ས་གནས་ཀྱི་ཐད་ནས་ཨ་སེ་པེད་ཅང་བར་གྲོས་མོལ་བྱེད་རྩིས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号