གཅན་ཚ་རྫོང་གིས“བློ་གསུམ་མཉམ་སྐུལ”བཟོ་འགོད་ལག་བསྟར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་སྟོབས་ལྡན་དུ་བཏང་བ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་སྡེ་བ་རིམ་པའི་དཔུང་སྡེ་འཛུགས་སྐྲུན་དེ“དར་སྤེལ་ལ་སྐུལ་འདེད་དང་ཞིང་སྡེ་སྟོབས་ལྡན་དུ་གཏོང་བའི”རྩ་བ་བརྟན་བྱེད་ཀྱི་ཐབས་ལམ་དང་གནད་འགག་གི་གོ་རིམ་དུ་བརྩིས་པ་དང་། ཏང་ཡོན་དཔུང་སྡེའི་གཙོ་གཞིར་དམིགས་ནས།《སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི“བློ་གསུམ་མཉམ་སྐུལ”བཟོ་འགོད་ཀྱི་ལག་བསྟར་གྲོས་གཞི》བཏོན་པ་དང་།“4+3+2”ཀྱི་བྱ་བ་སྒྲུབ་སྟངས་བརྒྱུད་དེ། སྡེ་བའི(སྡེ་ཁུལ)ཏང་ཡོན་གྱི་སློབ་སྦྱོང་མཐོར་འདེགས་ཀྱི་བློ་དང་ཧུར་བརྩོན་ལས་སྒྲུབ་ཀྱི་བློ། དྲིན་གཟོ་དྲིན་འཇལ་གྱི་བློ་བཅས་ཏན་ཏིག་གིས་སྐུལ་བསྐྱེད།
གནད་འགག་གྲངས་ཉུང་དང་ཁྱོན་ཡོངས་སུ་ཁེབས་པ། དགོས་མཁོ་སློབ་གསོ། དགེ་རྒན་དཔུང་སྡེ་ཕུན་ཚོགས་སུ་གཏོང་བ་བཅས“སློབ་ཁང་རིགས4”བསྐྲུན་ཏེ། སྡེ་བ་མཉམ་འབྲེལ་གྱི་མགོ་ཁྲིད་དང་སྡེ་བའི་རྩ་འཛུགས་ཧྲུའུ་ཅིའི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་འགན་འཁྲི་ནན་དཀྲི་དང་། “1+N”ཡི་སློབ་སྦྱོང་མ་དཔེར་གཞིགས་ཏེ། “འཁོར་སྐྱོད་སློབ་ཁང”དང“སྤྲིན་སྣེ་སློབ་ཁང”བེད་སྤྱོད་བྱེད་པ་དང་། “རི་རྩེ་རི་འདབས”དང“ཆུ་འགྲམ་རི་ཁུག”གི་གནས་ཚུལ་མི་འདྲ་བར་བརྟེན་ནས། འབྲེལ་ཡོད་རྩལ་ནུས་ཤེས་བྱའི་ནང་དོན་རྒྱ་བསྐྱེད་པ་དང་། ཁམས་གསོ་འཆད་ཁྲིད་དང་ལས་ཞུགས་ཁ་རྒྱུགས་འོས་འཚམ་སྒོས་སྤེལ་ཏེ། སློབ་སྦྱོང་མཐོར་འདེགས་ཀྱི་བློ་སྔར་ལས་བསྐྱེད།
དྲང་ཕྱོགས་སྣེ་ཁྲིད་དང་དཔྱད་བསྡུར་རིམ་གཏན། སྐུལ་ལྕག་འགན་སྲུང་བཅས“ནང་རྐྱེན་རིགས3”འཐུས་ཚང་དུ་བཏང་སྟེ། དཔེ་མཚོན་གྱི་ཤུགས་རྐྱེན་དང་རིག་གནས་ཉིང་བཅུད་མཐོར་འདེགས་གཏོང་བར་དོ་སྣང་བྱེད་པ་དང་། “ཏང་ཀྲི་པུའུ་ཡི་སྐར་རིམ་དཔྱད་བསྡུར་གཏན་འཁེལ་དང་ཏང་ཡོན་སྐར་བསགས་དོ་དམ”ལས་གཞི་ཅན་གྱི་ཏང་འཛུགས་སྐྲུན་ཆས་རྟགས་ཀྱི་རྒྱལ་ཁའི་ཉམས་མྱོང་བེད་སྤྱོད་པ། ཉིན་རྒྱུན་གྱི་བྱེད་སྟངས་དང་དམངས་བློ་དམངས་འདུན་དེ་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ཀྱི་དམིགས་ཚད་གཙོ་བོར་བརྩིས་པར་མ་ཟད། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་གླ་ཆ་ཇེ་མཐོར་བཏང་ཞིང་། གོང་རིམ་གྱི་འགྲོ་ལམ་ཤར་གཏོང་བྱས་ཏེ། ཧུར་བརྩོན་ལས་སྒྲུབ་ཀྱི་བློ་སྔར་ལས་བསྐྱེད།
དྲིལ་སྒྲོག་སྣེ་ཁྲིད་དང་དྲིན་གཟོ་ལག་ལེན་གྱི“བྱ་འགུལ་རིགས་གཉིས”ལ་དམིགས་པ་དང་། “དྲིན་གཟོ་གསུམ”གྱི་སློབ་གསོ་གསར་གཏོད་དང་མགོ་བརྩམས་ཏེ། རྩ་འཛུགས་ཀྱི་གསོ་སྐྱོང་དྲིན་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་དྲིན། ཕ་ཡུལ་གྱི་སྙོར་སྐྱོང་དྲིན་བཅས་དྲིལ་སྒྲོག་བྱེད་པ་གཙོ་བོར་བརྩི་བ། སྔ་གཞུག་གི་འཚོ་བ་བསྡུར་བ་བྱས་ཏེ། ཏང་ཡོན་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དྲོད་ཁོལ་དངོས་སུ་མྱོང་དུ་བཅུག སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི“ཚོགས་འདུ་གསུམ་དང་གྲོས་ཚོགས་གཅིག”དང་བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་ཐེག་བྱད་ལ་བརྟེན་ནས། རྒྱུན་ལྡན་སྒོས་ཏང་ཡོན་རྩ་འཛུགས་བྱེད་པ་དང་ཁོར་ཡུག་བཅོས་སྐྱོང་དང་འོས་འགན་སྡོང་འཛུགས། ཁེར་ཧྲེང་རྒན་པར་འཚམས་འདྲི་བྱེད་པ་སོགས་ཀྱི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་ཞིང་། ཏང་ཡོན་གྱིས་ལག་ལེན་གོ་རིམ་ཁྲོད་ཉམས་མྱོང་སློབ་སྦྱོང་དང་ཏང་གཤིས་སྦྱོང་བརྡར་ཡོངས་འགྲུབ་བྱས་ཏེ། དྲིན་གཟོ་དྲིན་འཇལ་གྱི་བློ་རྒྱུན་མཐུད་སྒོས་གསོ་སྐྱོང་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注