པད་མ་རྫོང་གིས་ཏང་གི་སློབ་ཁྲིད་དེ་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་པ།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཏང་གི་སློབ་ཁྲིད་དེ་ཏང་ཡོན་ལ་རྒྱུན་དུ་སློབ་གསོ་གཏོང་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། གཞི་རིམ་ཏང་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། སྡེ་བ་རིམ་པའི་བཅོས་སྐྱོང་སོགས་འགན་འཁྲི་གཙོ་བོར་དམིགས་ཏེ། ཏང་གི་སློབ་ཁྲིད་ཀྱི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སློབ་ཁྲིད་བྱེད་པ་དང་ཏང་གི་སློབ་ཁྲིད་ལ་ཞུགས་པ་དེ་ཉིན་རྒྱུན་བྱ་བའི་ཁྲོད་འདྲེས་པ་དང་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་བྱས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་ཁྲིད་བྱེད་པ་དང་ཀྲི་པུའུ་ཧྲུའུ་ཅི་ཡིས་རྒྱུན་དུ་འཆད་པ། ཏང་ཡོན་དཀྱུས་མས་སློབ་ཁྲིད་བྱེད་པ་བཅས་ཏང་གི་སློབ་ཁྲིད་ཀྱི་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས།

ད་ལྟའི་བར་དུ། པད་མ་རྫོང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལས་བགོས་ཁྱབ་ཁོངས་དང་སྣེ་འབྲེལ་ཞང་གྲོང་དུ་སོང་ནས་ཆེད་དོན་ཏང་གི་སློབ་ཁྲིད་བྱས་པ་དང་། སློབ་ཁྲིད་བྱེད་ཐེངས40ལྷག་ལ་སླེབས། སློབ་སྦྱོང་གི་གྲུབ་འབྲས་དང་བྱ་བའི་ཐབས་ལམ། དངོས་འབེབས་བྱེད་སྟངས་བཅས་བཤད་པ་བརྒྱུད། གཞི་རིམ་ཏང་ཡོན་ལས་བྱེད་པས་སློབ་བརྩོན་དད་བརྟན་ཁྲོད་ཏང་གཤིས་སྦྱོང་བར་སྣེ་ཁྲིད་དེ། ལས་འགན་ལག་བསྟར་བྱེད་པའི་ཁྲོད་བྱེད་སྟངས་མངོན་པ་དང་གདོང་ལེན་པ་བྱས། ཞང་དང་གྲོང་རྡལ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོ་སོགས་རྩ་འཛུགས་འཚོ་བར་ཟུང་འབྲེལ་བྱས་པ་དང་། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་ལས་ཀ ཉེ་འགྲམ་གྱི་གནས་ལུགས་བཅས་བཤད་དེ། ཏང་ཡོན་དང་མཉམ་དུ་ཐོས་བསམ་མྱོང་རོལ་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པས་རང་འགུལ་གྱིས་ཏང་གི་གཞུང་ལུགས་གསར་སྐྲུན་བྱེད་པའི་དད་སེམས་བརྟན་སྲུང་མཁན་དང་བློ་དཀར་ལག་ལེན་མཁན་བྱེད་པར་སྣེ་ཁྲིད་བྱས། ཏང་ཡོན་དཀྱུས་མས“ངས་ཉན་པ”དེ“ངས་བཤད་པར”བསྒྱུར་བ་དང་། ཡོལ་བའི་རྒྱབ་ནས་གར་སྟེགས་སྟེང་འབུད་པ། སྒྲོག་འགྲེལ་ནང་དོན“རྒྱུན་ལྡན་གྱི་ཁ་བརྡ”དང་ཐོས་དགའ་མཐོང་སྤྲོའི་གཏམ་རྒྱུད་དུ་བསྒྱུར་ཏེ། ཏང་གི་གསུང་སྐད་སྙན་མོ་བརྒྱུད་སྒྲོག་བྱས།

དུས་མཚུངས་སུ། པད་མ་རྫོང་གིས་ད་དུང་དམར་དམག་གི་ཞབས་རྗེས་འཚོལ་སྙེག་དང་ཡང་བསྐྱར་རྒྱང་སྐྱོད་ཀྱི་ལམ་དུ་བསྐྱོད་པ་བརྒྱུད། གསར་བརྗེའི་སློབ་གསོ་དེ་རྩ་བ་དང་བླ་སྲོག་བསྐྲུན་པ། རྩ་བརྟན་རྒྱུ་གསོ་བཅས་དང་ཟུང་འབྲེལ་བྱེད་པ་དང་། གྲུ་དམར་སྙིང་སྟོབས་དང་ཏང་ཡོན་ཏང་གཤིས་སློབ་གསོ་ཟུང་འབྲེལ་བྱེད་པ། གསར་བརྗེའི་སློབ་གསོ་རྟེན་གཞི་གསར་སྐྲུན་བྱེད་པ། གསར་བརྗེའི་གཞི་རྒྱུ་སྙིང་སྟོབས་ཀྱི“གཏེར་མཛོད”སྔོག་འདོན་ཟབ་མོ་བྱེད་པ། ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། དད་སེམས་ཀྱི་བླ་སྲོག་བསྐྲུན་པ། ཀུན་སྤྱོད་ཀྱིས་མི་སྐྱོང་བ་བཅས་བྱས་ཏེ། ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་གི་སློབ་ཁྲིད་བྱེད་པའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་གང་ཡོད་ཀྱིས་ཇེ་མཐོར་བཏང་། ད་ལྟའི་བར་དུ། རྫོང་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་སོ་སོས་ཏང་གི་སློབ་ཁྲིད་ཐེངས180ལྷག་བྱས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号