བོད་ལྗོངས་ཀྱིས་ས་བབ་སྨི4500ཡན་གྱི་ས་ཁུལ་དུ་རིག་དངོས་རྟོག་ཞིབ་ས་ཚིགས་གསར་བ300ལྷག་རྙེད་པ།

གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ནས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱི་ཐེངས་བཞི་བའི་རིག་དངོས་རྟོག་ཞིབ་དུས་རིམ་གཉིས་པའི་ལས་དོན་བདེ་བླང་ངང་སྤེལ་བཞིན་ཡོད་ལ། མིག་སྔའི་བར་དུ་ས་བབ་སྨི4500ཡན་གྱི་རྫོང16ནང་རྫོང11ཏུ་ཡུལ་དངོས་བརྟག་དཔྱད་བྱས་པ་རིག་དངོས་ས་ཚིགས300ལྷག་གསར་དུ་རྙེད་པ་དང་། རིག་དངོས་ས་ཚིགས205ལ་བསྐྱར་ཞིབ་བྱེད་བཞིན་ཡོད།

འདི་ནི་ལས་དོན་མི་སྣས་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ལ་གཞོང་གྲོང་ཚོའི་གནའ་བོའི་མཁར་རྫོང་གནའ་ཤུལ་ནས་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད།

རྒྱུས་ལོན་ལྟར་ན། ས་བབ་སྨི4500ཡན་གྱི་ས་ཁུལ་དུ་ཡུལ་དངོས་རྟོག་ཞིབ་བྱས་ན། རིག་དངོས་ཐོན་ཁུངས་ཐར་ཐོར་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་འཕྲིན་གཏོང་དཀའ་བ། ཁྱབ་ཁོངས་ལ་ལར་མི་ཤིན་ཏུ་ཉུང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཞིབ་བཤེར་ལས་དོན་མི་སྣ་སྐབས་རེར་གཙང་ཆུ་བརྒལ་དགོས་པ་དང་གངས་རི་ལ་འཛེག་དགོས་པ། ཡང་ན་རྐང་ཐང་སོང་ན་ད་གཟོད་དམིགས་སར་ཐོན་ཐུབ་པ་རེད།

ཆ་སྙོམས་ས་བབ་སྨི5000ཡན་གྱི་བོད་ལྗོངས་ནག་ཆུ་ཉི་མ་རྫོང་དུ་ཞིབ་བཤེར་མི་སྣས་ཉིན50རིང་བེད་སྤྱད་དེ་ཁོངས་གཏོགས་ཀྱི་གྲོང་རྡལ14དང་སྲིད་འཛིན་གྲོང་ཚོ78དུ་བསྐྱོད་པས་བསྡོམས་པས་སྤྱི་ལེ14000ཟིན་པ་དང་། བསྡོམས་པས་སྤོ་སྒུལ་བྱེད་མི་ཐུབ་པའི་རིག་དངོས་ས་ཚིགས256ལ་བརྟག་དཔྱད་ཐོ་འགོད་བྱས་པ་དང་། དེ་ནང་བསྐྱར་ཞིབ་བྱས་པའི་རིག་དངོས་ས་ཚིགས41དང་གསར་རྙེད་ས་ཚིགས148ཟིན་པ་རེད།

འདི་ནི་ལས་དོན་མི་སྣས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་འཁྱོངས་རྒྱས་གྲོང་ཚོ་ནས་རྒན་པ་ཞིག་ལ་སྔོན་ཆད་ཀྱི་གནས་ཚུལ་འདྲི་བཞིན་པའི་ཚུལ་རེད།

གསར་འགོད་པས་རྒྱུས་ལོན་ལྟར་ན། མིག་སྔར་ལྷ་སའི་གྲོང་ཁྱེར་དང་ས་ཆ་སོ་སོ། རྫོང་ཁུལ་དུ་བསྡོམས་པས་ཞིབ་བཤེར་རུ་ཁག107ལས་དོན་མི་སྣ1037རིག་དངོས་རྟོག་ཞིབ་ལས་དོན་ནང་ཞུགས་པས། རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་རྫོང་སྟེ་བོད་ལྗོངས་ནག་ཆུ་མཚོ་གཉིས་རྫོང་དང་ས་བབ་ཆེས་མཐོ་བའི་ཤང་སྟེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་རིག་དངོས་ཞིབ་བཤེར་འགན་ཁུར་ལེགས་འགྲུབ་བྱུང་བ། གཞིས་ཀ་རྩེ་གྲོང་ཁྱེར་མངའ་ཁོངས་ཀྱི་ས་བབ་མཐོ་བའི་རྫོང་ཁུལ་དུ་ཡུལ་དངོས་རྟོག་ཞིབ་ལས་དོན་སྤེལ་མགོ་ཚུགས་པ་དང་། མངའ་རིས་ས་ཁུལ་ཡུལ་དངོས་རྟོག་ཞིབ་ལས་དོན་མགོ་བརྩམས་པས་ཁྱབ་ཚད40%ཟིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号