ཟླ་མཚན་དུས་སུ་མགོ་ན་བ་སྔོན་འགོག་བྱེད་ཐབས། 

ཟླ་མཚན་འབབ་པའི་སྔ་རྗེས་སུ་གསུས་ཆུང་དང་སྐེད་པ་ན་བ་ལས་གཞན།  ད་རུང་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡོད་པ་ནི་མགོ་ན་བ་དེ་རེད།   ནད་ཐོག་བསྡོམས་རྩིས་བྱས་པ་ལྟར་ན།   མགོ་ན་བའི་ནད་པའི་ཁྲོད།  བུད་མེད་ཀྱི་བསྡུར་ཚད་སྐྱེས་པ་ལས་མངོན་གསལ་གྱིས་མང་བ་དང་།  མགོ་ན་བའི་ནད་པའི་བརྒྱ་ཆའི་བདུན་ཅུ་ཙམ་ཟིན།  དེའི་རྒྱུ་མཚན་ནི་བུད་མེད་ལ་དམིགས་བསལ་དུ་ཡོད་པའི་སྐྱེ་ལུགས་རྒྱུ་རྐྱེན་དང་འབྲེལ་བ་ཡོད་དེ།  བུད་མེད་མང་པོ་ཞིག་གི་མགོ་ན་བ་དེ་ཟླ་མཚན་དང་འབྲེལ་བ་ཡོད།

དེས་ན། མགོ་ན་བ་དང་ཟླ་མཚན་བར་འབྲེལ་བ་ཡོད་དོན་ཅི་ཡིན་ཞེ་ན།

ནད་ཐོག་ཏུ་བུད་མེད་ལ་ཟླ་མཚན་འབབ་པའི་སྔ་རྗེས་དང་ཟླ་མཚན་འབབ་པའི་སྐབས་སུ་བྱུང་བའི་ནད་རྟགས་ལ་ཟླ་མཚན་དུས་ཀྱི་ཕྱོགས་བསྡུས་ནད་རྟགས་ཟེར་ཞིང་།  དེའི་ནང་མགོ་ན་བ་དང་སྐེད་པ་ན་བ།   གསུས་ཆུང་ན་བ་སོགས་ཡོད།    ཟླ་མཚན་དུས་སུ་མགོ་ན་བ་དེ་དྭངས་ཁྲག་ཁྲོད་ཀྱི་མོ་སྐུལ་རྩིའི་ཆུ་ཚད་ལ་འགྱུར་ལྡོག་བྱུང་བ་དང་འབྲེལ་ཡོད་སྲིད་པ་དང་།   བུད་མེད་ཀྱི་དྭངས་ཁྲག་ཁྲོད་ཀྱི་མོ་གཉིས་ཕྲུན་གྱི་གར་ཚད་དེ་ཟླ་མཚན་གྱི་སྔ་རྗེས་སུ་ཇེ་དམར་འགྲོ་བ་སོགས་བྱས་ཏེ་ཁྲག་རྩའི་རྐྱོངས་ཤུགས་ལ་འགྱུར་བ་བྱུང་ནས་མགོ་ན་བཞིན་ཡོད།    ཟླ་མཚན་ཆད་རྗེས།   དྭངས་ཁྲག་ཁྲོད་ཀྱི་མོ་གཉིས་ཕྲུན་གྱི་གར་ཚད་རྒྱུན་ལྡན་དུ་གྱུར་བ་དང་བསྟུན་ནས་མགོ་ན་བའི་ནད་རྟགས་ཀྱང་མེད་འགྲོ་བ་རེད།   དེ་ལས་གཞན།   ད་རུང་རྒྱུ་རྐྱེན་གཞན་ཞིག་ཡོད་སྲིད་པ་ནི།  མོ་སྐུལ་རྩིས་འོ་ཟགས་རྒྱུའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་པ་བརྒྱུད་ནས་ཐད་ཀར་རམ་གཞན་བརྒྱུད་ཀྱིས་ཆུ་རྨེན་རྒྱུའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ནས་ཁྲག་རྩ་འཁུམ་འདུ་སོགས་ལ་རྐྱེན་བྱས་ཏེ་མགོ་ན་བཞིན་ཡོད།

རྒྱུན་མཐོང་གི་ཟླ་མཚན་དུས་སུ་མགོ་ན་བའི་སྐོར་ལ་རིགས་གསུམ་ཡོད་དེ།

གཅིག   དཔེར་མཚོན་རང་བཞིན་གྱི་མགོ་ན་བ།   མི་མང་ཆེ་བར་སྔོན་ལ་མིག་རབ་རུབ་ཏུ་འགྱུར་བ་དང་མིག་སྐྲངས་པ།   སེམས་ལྷོད་ལ་འབབ་མི་ཐུབ་པ་སོགས་ཀྱི་ནད་རྟགས་ཡོད་ལ།  ཟླ་མཚན་དུས་སུ་མགོ་ན་བའི་ནད་པ་ཚང་མ་ཧ་ལམ་འོད་ལ་སྐྲག་སྲིད།   དེ་ནས་ཅུང་ཙམ་འགོར་རྗེས།   གཞོགས་གཅིག་རང་བཞིན་གྱི་མགོ་ན་བ་རེད།  སྤྱིར་བཏང་དུ་གཙོ་བོ་ཐོད་པ་ན་བ་དང་མིག་ཁྱིམ་གྱི་མཐར་འཁོར་ན་བ་སོགས་ཡོད།  མགོ་ན་བ་ཚབས་ཆེ་དུས་ཁྲག་རྩ་འཕར་ལྡིང་དང་མིག་འབྲས་ལྡིང་བའི་ཚོར་བ་འབྱུང་སྲིད།  སྤྱིར་བཏང་དུ་ཆུ་ཚོད་གཅིག་ནས་གཉིས་ཀྱི་རིང་ལ་ན་སྲིད་ལ།   རྒྱུན་མཐུད་དེ་ཆུ་ཚོད་འགའི་རིང་ན་བ་དང་ཐ་ན་ཉིན་འགའ་ལ་ན་བའང་ཡོད།

གཉིས། སྤྱིར་བཏང་རང་བཞིན་གྱི་མགོ་ན་བ།   ཟླ་མཚན་དུས་སུ་མགོ་ན་བའི་ཁྲོད་སྤྱིར་བཏང་རང་བཞིན་གྱི་མགོ་ན་བ་དེ་རྒྱུན་དུ་མཐོང་རྒྱུ་ཡོད་ལ།  ནད་རྟགས་ཀྱང་ཅུང་ཡང་།   མགོ་ན་བའི་སྐབས་སུ།   ན་ཚད་རིམ་བཞིན་ཇེ་དྲག་ཏུ་འགྲོ་བ་དང་།   མགོ་ཡི་གཞོགས་གཅིག་གམ་ཡང་ན་གཞོགས་གཉིས་ན་སྲིད་པར་མ་ཟད།   མགོ་ཡོངས་ནའང་སྲིད།

གསུམ། གཅིག་བསྡུས་རང་བཞིན་གྱི་མགོ་ན་བ།    རྒྱུན་པར་གློ་བུར་དུ་མགོ་ན་བ་དང་།  ཉིན་གཅིག་ལ་བསྐྱར་ཟློས་ཀྱིས་ཐེངས་མང་པོར་ན་སྲིད།    སྤྱིར་བཏང་དུ།   སྐར་མ་སུམ་ཅུ་ནས་དུས་ཚོད་གཉིས་ཀྱི་རིང་རྒྱུན་མཐུད་ཀྱིས་ན་སྲིད་ལ།    མིག་ཁྱིམ་སྐྲངས་པ་དང་མིག་ཆུ་བཞུར་བ།   སྣ་འཚུབ་པ།   རྔུལ་ཆུ་བཞུར་བ་སོགས་ཀྱི་མངོན་ཚུལ་ཡོད།    ལ་ལར་ད་རུང་མགོ་པགས་ཀྱི་ཁྲག་རྩ་ཇེ་སྦོམ་དུ་འགྲོ་བ་དང་འཁྱོག་པ་སོགས་ཀྱི་རྟགས་ཡོད།

ཟླ་མཚན་དུས་སུ་མགོ་ན་བ་སྔོན་འགོག་བྱེད་ཐབས།

ཟླ་མཚན་དུས་སུ་མགོ་ན་བ་ཐག་གཅོད་བྱས་པ་འོས་འཚམ་མིན་ན།   དེ་དང་འབྲེལ་བའི་ནད་རིགས་གཞན་པ་འབྱུང་སྲིད་པ་དང་།   ནང་གི་ཟགས་ཟོན་འཁྲུགས་ ནས་ལུས་པོའི་བདེ་ཐང་ལ་གནོད་སྲིད།   དེ་བས།  བྱེད་ཐབས་བཟང་བོ་སྤྱད་དེ་ཟླ་མཚན་དུས་ཀྱི་མགོ་ན་བའི་ནད་རྟགས་ཇེ་ཡང་དུ་གཏོང་དགོས་པར་མ་ཟད་འབྱུང་ཚད་ཇེ་ཉུང་དུ་གཏོང་དགོས།

ཀལ་དང་འཚོ་རྒྱུDསོགས་ལ་ཟླ་མཚན་དུས་ཀྱི་མགོ་ན་བ་སྔོན་འགོག་བྱེད་པའི་ནུས་པ་ལྡན་ལ།  བསྟེན་ཚུལ་ཐད་ནས་ཆེད་ལས་སྨན་པར་འདྲི་ཞིབ་བྱེད་དགོས།

འགུལ་སྐྱོད་བྱེད་པ་ནི་བྱ་བ་དང་འཚོ་བའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་བཟང་བོ་ཞིག་ཡིན་པ་དང་།   འགུལ་སྐྱོད་བྱས་ན་བུད་མེད་ཀྱི་སེམས་ཁམས་སྙོམས་སྒྲིག་བྱས་ཏེ་ཟླ་མཚན་དུས་ཀྱི་མགོ་ན་བའི་ནད་རྟགས་ཇེ་ཡང་དུ་གཏོང་བ་དང་སྔོན་འགོག་བྱེད་ཐུབ།

དོ་སྣང་བྱེད་དགོས་པ་ཞིག་ལ།    གལ་ཏེ་ཟླ་མཚན་དུས་སུ་མགོ་ན་བ་ཚབས་ཆེ་ན།  འགུལ་སྐྱོད་མ་བྱས་ན་བཟང་།  འགུལ་སྐྱོད་བྱས་ན་ན་ཟུག་ཇེ་དྲག་ཏུ་གཏོང་སྲིད།     ཉི་འོད་ཀྱིས་འཚོ་རྒྱུDཡི་འདྲེས་གྲུབ་དང་སྡུད་ལེན་ལ་སྐུལ་འདེད་གཏོང་ཐུབ་པས།  རྒྱུན་པར་ཕྱི་རོལ་དུ་སོང་ནས་ཉི་མར་སྲོ་དགོས།    དེ་མིན་ད་རུང་གླུ་དབྱངས་ལ་ཉན་པ་དང་གློག་བརྙན་ལ་བལྟ་བ་སོགས་བྱས་ནའང་ཟླ་མཚན་དུས་ཀྱི་མགོ་ན་བ་ལས་བྱུང་བའི་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号