རང་ཁྱིམ་དུ་ཁྲག་ཤེད་འཇལ་སྐབས་ཡིད་གཟབ་གནང་དགོས་པ་གང་དག་ཡོད།
རང་ཁྱིམ་དུ་ཁྲག་ཤེད་འཇལ་སྐབས་ཡིད་གཟབ་གནང་དགོས་པ་གང་དག་ཡོད་དམ། དེའི་ཐད་པེ་ཅིན་སློབ་གྲྭ་ཆེན་མོའི་མི་དམངས་སྨན་ཁང་སྙིང་དང་ཁྲག་རྩའི་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ལེའུ་ཅན་གྱིས་བཤད་རྒྱུར།
གཅིག་ནས་ཚད་ལྡན་གྱི་ཁྲག་ཤེད་འཇལ་ཆས་འདེམ་དགོས། རྒྱལ་ཁབ་ཀྱི་བདེན་དཔང་ཚད་གཞི་དང་མཐུན་པའི་ཁྲག་ཤེད་འཇལ་ཆས་ཡིན་ན་ཚད་ལྡན་ཡིན།
གཉིས་ནས་ཁྲག་ཤེད་འཇལ་སྐབས་སེམས་ལྷོད་ལ་བབས་ནས་འཇལ་དགོས། ཁྲག་ཤེད་མ་འཇལ་གོང་གི་ཆུ་ཚོད་ཕྱེད་ཀའི་ནང་ཇ་གར་པོ་དང་ཁོ་ཧྥེ་འཐུང་མི་རུང་བ་དང་། ལྟོས་བཅས་ཀྱིས་ལྷིང་འཇགས་ཁོར་ཡུག་ནང་སྐར་མ་ལྔ་ཙམ་ལ་ངལ་གསོ་བྱས་ནས་བསྡད་རྗེས་གཞི་ནས་འཇལ་དགོས།
གསུམ་ནས་ཁྲག་ཤེད་འཇལ་སྐབས་ཀྱི་སྡོད་སྟངས་ཀྱང་གལ་ཆེན་པོ་ཡིན། ལུས་སྟོད་ཀྲོང་ངེར་བསྡད་རྗེས་ལག་པ་གཡས་པ་བསྣར་ནས་མདུན་གྱི་ཅོག་ཙེའི་ཐོག་འཇོག་པ་དང་། དེ་ནས་འཆིང་ཐག་དེ་གྲུ་མོའི་མདུན་ངོས་འཕར་རྩའི་སྟོད་ཀྱི་ལི་སྨི5ཙམ་གྱི་སར་འཆིང་དགོས་པ་དང་། དམ་དྲགས་མི་རུང་ལ་ལྷོད་དྲགས་ཀྱང་མི་རུང་ཞིང་། ལག་ངར་འདྲོང་པོར་བསྡད་ནས་འཇལ་དགོས།
བཞི་ནས་ཁྲག་ཤེད་འཇལ་ཐེངས་མི་འདྲ་བའི་མཇུག་འབྲས་ཡོངས་སུ་གཅིག་པ་མི་ཡོང་བས། རབ་ཡིན་ན་སྔ་ཕྱིར་ཐེངས་གསུམ་ལ་འཇལ་དགོས་པ་དང་། དེ་དག་གི་ཆ་སྙོམས་གྲངས་ཀ་དེ་གཞི་འཛིན་སར་བྱེད་ཆོག
གལ་སྲིད་ཁྱེད་རང་ནས་སྨན་གསར་དུ་འཐུང་བ་ཡིན་ན། ཁྲག་ཤེད་ཉིན་བདུན་རིང་བསྟུད་མར་འཇལ་དགོས་པ་དང་། གལ་སྲིད་ཁྲག་ཤེད་ལྟོས་བཅས་ཀྱིས་བརྟན་པོར་བསྡད་ཡོད་ན། དེ་ནས་གཟའ་འཁོར་གཅིག་ལ་ཐེངས་གཉིས་འཇལ་ན་ཆོག དེ་ལྟར་འཇལ་བའི་གྲངས་གཞི་དེ་དག་ཐོ་འགོད་བྱེད་དགོས་པ་དང་། སྨན་ཁང་དུ་འགྲོ་སྐབས་སྨན་པར་རང་ཉིད་ཀྱིས་ཁྲག་ཤེད་འཇལ་བའི་ཟིན་ཐོ་དེ་དག་བསྟན་ན་སྨན་པས་སྨན་བཅོས་ཀྱི་ཇུས་གཞི་དང་ཕན་འབྲས་ཐད་ལྟ་ཞིབ་དང་། ཆོད་སྡོམ། ལེགས་སྒྲིག་བཅས་དེ་བས་ཡག་པོ་བྱེད་ཐུབ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注