ཁ་ཟས་ཀྱི་རིགས་རྣམས་ཇི་ལྟར་བྱས་ནས་དུག་ཏུ་འགྱུར་བ་ཡིན།
བཤད་རྒྱུད་ཁ་ཟས་བསྡམ་པའི་ལེའུར་གསུངས་པའི་མི་འཕྲོད་པའི་ཟས་རྣམས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ་དང་ལྷན་ཅིག་ཏུ་བསྲེས་ནས་ཟས་པ་བཅས་ལས་ཕན་ཚུན་མི་འཕྲོད་པར་ནུས་པ་འཐབ་ནས་ཉེས་པ་འཁྲུགས་པར་འགྱུར་བ་དང་། ཡང་ན་མི་འཕྲོད་པའི་ཁ་ཟས་མ་ཡིན་ཡང་མ་གོམས་པ་དང་འཇུ་དཀའ་བའི་ཟས་རིགས་བབ་ཅོལ་དུ་བསྟེན་པ། དུས་མིན་དུ་ཟ་བ་བཅས་ལས་མ་ཞུ་བར་དྭངས་སྙིགས་འདྲེས་ཏེ་རྩ་མིག་ཀུན་ཏུ་བྱེར་ནས་ལུས་ཟུངས་བདུན་པོ་རིམ་གྱིས་འགྲིབ་པར་བྱེད་པ་ཡིན།