མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོའི་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དྲུག་གི་འགན་ཁུར་བས་ཚེས7ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་ནས། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཀག་མེད་ཡོང་བར་འགན་སྲུང་བྱས་ཏེ། ཟོལ་མེད་ཀྱིས་མི་སེར་དཀྱུས་མའི་ཚེ་སྲོག་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞིའི་ལས་དོན་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ཁི་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱི་འགན་ཁུར་བས་མཉམ་དུ་བཀོད་པའི་གསལ་སྒྲོག་ལས་བསྟན་དོན། ཟླ་ངོ་གཅིག་ལྷག་གི་རིང་ལ། ཚོང་ལས་དངོས་རྫས་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས་གང་ཡང་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་མེད་པ་དང་། མི་ས་ཡ་གཉིས་དང་འབུམ་གཅིག་ལྷག་འགས་གཏོར་དང་ལྟོགས་སྐོམ་གྱིས་མནར་བཞིན་ཡོད་ལ། རྒྱུ་ལམ་སོ་སོའི་བཀག་སྡོམ་གྱི་གནས་སུ་ཟས་རིགས་དང་སྨན་རྫས། འབར་རྫས། མཁོ་དངོས་གཞན་པ་སོགས་རི་ལྟར་སྤུངས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བསྒྲགས་པ་ལྟར་ན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་རྩིས་མེད་དུ་གྱུར་བའི་གཟའ་འཁོར་དང་པོར། བྱིས་པ་སྟོང་གཅིག་ལྷག་ལ་ཅཱ་ཧྲ་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བའམ་རྨས་ཕོག་ཡོད། དེས་འདས་པའི་ལོ་གཅིག་ནང་གཟའ་འཁོར་གཅིག་རིང་བྱིས་པར་ཤི་རྨས་ཐེབས་པའི་མི་གྲངས་ཀྱི་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད།
གསལ་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་དང་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་ནས། རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་བརྩི་སྲུང་བྱེད་པར་འགན་སྲུང་བྱེད་པ་དང་། མི་སེར་དཀྱུས་མར་སྲུང་སྐྱོབ་དང་རོགས་སྐྱོར་ལ་འགན་སྲུང་བྱེད་པ། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་ཁག་ཐེག་བྱས་ནས་འཁྲུག་རྩོད་མཚམས་འཇོག་པ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注