ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཐད་ཀར་གྲོས་མོལ་བྱེད་པའི་ཚུལ་བསྟན་ཡང་དབྱི་ལིང་ཕྱོགས་ཀྱིས་རྣམ་འགྱུར་ཅི་ཡང་བསྟན་མེད།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐུག་འཕྲད་བྱས་རྗེས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་ཐད་ཀར་གྲོས་མོལ་བྱེད་བཞིན་ཡོད་ཟེར། དབྱི་ལིང་ཕྱོགས་ཀྱིས་བཤད་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

ཐི་ལིང་ཕུའུ་ཡིས་ཐུག་འཕྲད་བྱས་རྗེས་སྨྱན་བྱད་ལ་བཤད་རྒྱུར། ང་ཚོས་དབྱི་ལིང་བར་ཐད་ཀར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གྲོས་མོལ་མགོ་བརྩམས་ཡོད་ལ། ཚེས་བཅུ་གཉིས་ཉིན་མུ་མཐུད་དུ་སྤེལ་རྒྱུ་ཡིན། ང་ཚོས་གྲོས་ཚོགས་གལ་ཆེན་ཞིག་བསྡུས་ནས་དོན་དག་ཅི་ཞིག་འབྱུང་བར་ཚོད་ལྟ་ཞིག་བྱེད་འདོད་པ་དང་། ངས་བལྟས་ན་མི་སྒེར་སུ་ཡིན་ཡང་གྲོས་མཐུན་འགོད་པར་ཡིད་འཐད་འབྱུང་བ་ནི་ཆེས་བཟང་བའི་གདམ་གསེས་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། ཁོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མཐུན་འགོད་པར་རེ་བཞིན་ཡོད་པ་དང་ཁོ་རང་ཐག་གཅོད་བྱེད་ཐབས་གཞན་པར་ཞུགས་པར་སྤྲོ་བ་མེད་ཟེར།

གསར་འགོད་པས་གསར་འགྱུར་སྤེལ་རག་བར་དུ། དབྱི་ལིང་ཕྱོགས་ཀྱིས་ཐི་ལིང་ཕུའུ་ཡི་བཤད་ཚུལ་དེར་རྣམ་འགྱུར་ཅི་ཡང་བསྟན་མེད། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས6ཉིན་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གནད་དོན་ཐད་ནས་བསན་དོན། ད་ལྟའི་བར་ཕྱོགས་གཉིས་ཀྱི་གྲོས་མོལ་གང་ཡང་སྤེལ་མེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号