ཨེ་ཅིབ་དང་ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་གྱི་མི་གནས་སྤོར་བྱེད་དུ་འཇུག་པར་ངོ་རྒོལ་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས7ཉིན་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་རྣམས་རང་ཡུལ་དང་བྲལ་ནས་གནས་སྤོར་བྱེད་དུ་འཇུག་པའི་གཏམ་བརྗོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་མཱ་ཁི་ལུང་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་ས་ཁོངས་དང་འབྲལ་དུ་འཇུག་པར་འདོད་པའི་གཏམ་བརྗོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་གལ་ཏེ་དྲང་བདེན་གྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་མ་ཐུབ་ཚེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་ལ་སྐུལ་འདེད་གཏོང་ཐབས་མེད་ཟེར།

སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་གཅིག་གྱུས་སྒོས་བལྟས་ན། ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སླར་གསོ་བྱེད་དགོས་པ་དང་། བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བདེ་བླག་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དགོས་པར་མ་ཟད། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བར་འགན་སྲུང་བྱེད་དགོས་པར་འདོད་ཡོད་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་ཡུལ་འཁྱམས་བྱེད་པ་དང་ཅཱ་ཧྲ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གཅིག་སྡུད་བྱེད་འདོད་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་འཇབ་རྒོལ་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། ཕྱོགས་སོ་སོས་མྱུར་མོར་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号