ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་མནའ་མཐུན་འབྲེལ་བའི་ཆིངས་ཡིག་གི་ཆོག་མཆན་ཡི་གེ་བརྗེ་སྤོར་བྱས།

ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་གཉིས་ཀྱི་བདེན་དཔང་འོག ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་ཟླ3པའི་ཚེས31ཉིན་ཐཱ་ཅི་ཁི་སི་ཐན་གྱི་གྲོང་ཁྱེར་ཆེན་པོ་གཉིས་པ་ཁུའུ་ཀྲན་ནས་མནའ་མཐུན་འབྲེལ་བའི་ཆིངས་ཡིག་གི་ཆོག་མཆན་ཡི་གེ་བརྗེ་སྤོར་བྱས།

ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིན་དེར་ཁུའུ་ཀྲན་ནས་ཕྱོགས་གཉིས་གྲོས་མོལ་སྤེལ་ཏེ། བཟོ་ལས་དང་ནུས་ཁུངས། ཞིང་ལས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་དངུལ་གཏོང་ལས་གཞི་ལག་བསྟར་བྱེད་པའི་བྱ་བར་གྲོས་བསྡུར་བྱས།

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཕྱོགས་གཉིས་ཀྱི་ཙུང་ཐུང་གི་བདེན་དཔང་འོག་ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་མནའ་མཐུན་འབྲེལ་བའི་ཆིངས་ཡིག་གི་ནུས་ལྡན་གྲོས་ཆོད་ཡི་གེ་བཀོད་དེ་ཆོག་མཆན་ཡི་གེ་བརྗེ་སྤོར་བྱས།

2024ལོའི་ཟླ4བའི་ཚེས18ཉིན། ཏུའུ་ཧྲང་པེ་ནས་བསྡུས་པའི་ཕྱོགས་གཉིས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་། ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཆིངས་ཡིག་དེ་བཀོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号