ཁྲུས་ཀྱི་ཕན་ཡོན་དང་ཉིན་གཉིད་ཀྱི་དགེ་སྐྱོན།

ཁྲུས་ཀྱི་ཕན་ཡོན། རྒྱུན་དུ་ཁྲུས་བྱས་ན་རོ་ཙ་བ་དང་དྲོད་དང་སྟོབས་ཆེ་བ་དང་གཟི་མདངས་བསྐྱེད། པགས་པ་གཡའ་ཞིང་རྔུལ་བ་དང་། དྲི་ང་ཞིང་སྙོམ་པ། ཁ་སྐོམ་པ། དབང་བོ་རྣམས་ཀྱིས་ཡུལ་འཛིན་མི་ནུས་པ། ལུས་ཚ་བ་རྣམས་སེལ།

ཆུ་དྲོན་གྱིས་མགོ་བཀྲུ་མི་རུང་། ཆུ་དྲོན(འགའ་ཞིག་གིས་རང་བྱུང་ཆུ་ཚན་ལ་བཞེད)གྱིས་མགོ་བོ་བཀྲུས་ན་སྐྲ་བྱི་བ་དང་། མིག་ལ་ལྷག་པར་གནོད་ཅིང་སྟོབས་འཕྲོག་པར་བྱེད།

སྐར་མ་རི་ཥི་ཤར་སྐབས་ཁྲུས་བྱེད་པ། སྐར་མ་རི་ཥི་འཆར་བའི་ཞག་བདུན་རིང་། ཆུ་རྣམས་བདུད་རྩིའམ་སྨན་ཆུ་ལྟ་བུར་འགྱུར་བས། དེའི་རིང་ཁྲུས་བྱས་ན་ནད་རིགས་སྔོན་འགོག་དང་ལུས་ཁམས་བདེ་ཐང་སོགས་ཀྱི་ཕན་ཡོན་འབྱུང་བས་ཆབ་ཞུགས་དུས་ཆེན་ཡང་ཟེར།

ཁྲུས་སྤང་ཡུལ། ཚད་པས་འཁྲུ་བ་དང་། ལྟོ་བ་སྦོས་པ། ཆམ་པ་དང་མ་ཞུ་བ། སྣ་ནད་དང་མིག་ནད། ཟས་ཟོས་མ་ཐག་པ་རྣམས་ལ་ནི་ཁྲུས་སྤང་བར་བྱའོ། །

ཉིན་པར་གཉིད་ལོག་པའི་སྐྱོན། སོ་ག་མ་ཡིན་པའི་དུས་སུ་ཉིན་པར་གཉིད་ལོག་ན་བད་ཀན་སྐྱེད་ཅིང་སྐྱ་སོག་ཏུ་སྐྲངས་པ་དང་། ཤེས་པ་རྨོངས་བག་ཏུ་འགྱུར་ཞིང་། མགོ་ན་ལ་སྒྱིད་པ་སྐྱུར་བ་དང་། ཆམ་པ་དང་རིམས་ལ་སོགས་པའི་ནད་ཀྱིས་འདེབས་པར་འགྱུར།

ཉིན་པར་གཉིད་ལོག་དགོས་པའི་རིགས། དམིགས་བསལ་དུ་ཆང་གིས་ར་རོ་བ་དང་སྟོབས་ཟད་པ། མྱ་ངན་གྱིས་ནོན་པ། རྩོལ་བས་དུབ་པ། སྨྲ་བ་ཤིན་ཏུ་མང་བ། རྒས་པ་དང་འཇིགས་ཤིང་སྐྲག་པའི་མི་རྣམས་ནམ་ཟླ་སོ་གའི་དུས་སུ་ཉིན་པར་གཉིད་ཅུང་ཟད་ལོག་དགོས།

གཉིད་གསོབ་པ། མི་གང་ཞིག་མཚན་མོའི་དུས་སུ་གཉིད་མ་ལོག་ན་རྩུབ་ཅིང་རླུང་བསྐྱེད་པས་གཉིད་ལོག་པར་བྱ། དེ་ཡང་མཚན་མོ་གཉིད་མ་ལོག་པ་དེའི་ཚེ་ནང་པར་ཟས་མ་ཟོས་པར་སྨྱུང་བར་བྱེད་ལ། གཉིད་མ་ལོག་པ་དེའི་ཕྱེད་ཙམ་དུ་གཉིད་ལོག་པར་བྱའོ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号