མཚོ་བྱང་ཁུལ་མདོ་ལ་རྫོང་གི་དམར་དམག་ནུབ་ལམ་དམག་དཔུང་དང་བཅིངས་འགྲོལ་དམག་དམག་དཔུང་གཉིས་པའི་དྲན་གསོའི་གླིང་ཞིང་ཆེན་རིམ་པའི་གསར་བརྗེའི་ཡུལ་སྐོར་གྱི་ལྗོངས་ཁུལ་དུ་གཏན་འཁེལ་བྱས།
ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ངོས་འཛིན་ཐག་གཅོད་བྱས་པ་བརྒྱུད། མཚོ་བྱང་ཁུལ་མདོ་ལ་རྫོང་གི་དམར་དམག་ནུབ་ལམ་དམག་དཔུང་དང་བཅིངས་འགྲོལ་དམག་དམག་དཔུང་གཉིས་པའི་དྲན་གསོའི་གླིང་དེ་ཞིང་ཆེན་རིམ་པའི་གསར་བརྗེའི་ཡུལ་སྐོར་གྱི་ལྗོངས་ཁུལ་དུ་གཏན་འཁེལ་བྱས།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རྫོང་ཁོངས་ཀྱི་གསར་བརྗེའི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཏུ་བཏང་བ་དང་། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་གསར་སྤེལ་དང་། རྩ་བའི་གཞི་རྟེན་རྒྱ་སྐྱེད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཅས་ཕྱོགས་གསུམ་ལ་ཤུགས་བསྣན་ཏེ། “གསར་བརྗེའི་ཕྱུག་གཏེར”སྔར་བས་སྲུང་སྐྱོང་ཡག་པོ་དང་། “གསར་བརྗེའི་ནང་དོན”རྒྱ་སྐྱེད། “གསར་བརྗེའི་ཕན་འབྲས”མངོན་པ་བཅས་བྱས་ཏེ། གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་གསོ་སྐྱོང་བྱས་ནས་མདོ་ལའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注