ཤོག་བྱ་བཏང་ན་མཇིང་ཚིགས་ཀྱི་ནད་གསོ་ཐུབ་བམ།

ཤོག་བྱ་གཏོང་བ་ནི་མཇིང་ཚིགས་ནད་ཡང་མོ་ཕོག་ཡོད་པའི་ནད་པར་ཤིན་ཏུ་འཚམ་པའི་འགུལ་སྐྱོད་ཅིག་རེད། འགུལ་སྐྱོད་དེ་ནི་བདེ་འཇགས་དང་ནུས་ལྡན་ཡིན་པར་མ་ཟད། སྟབས་བདེ་དང་སྤྲོ་སྣང་ལྡན་པ་ཞིག་ཀྱང་རེད།

ཤོག་བྱ་བར་སྣང་དུ་འཕུར་སྐབས། ང་ཚོས་མགོ་བོ་ཡར་བཀྱགས་ནས་ལག་གི་སྐུད་པ་སྙོམས་སྒྲིག་བྱེད་པར་གྲ་སྒྲིག་བྱས་ཡོད། ཤོག་བྱ་བར་སྣང་དུ་བརྟན་པོར་གཡོ་བ་དང་བསྟུན་ནས། ང་ཚོས་དུས་ངེས་མེད་དུ་མགོ་བོ་འཁོར་འཁོར་བྱས་ཏེ་ཤོག་བྱའི་འཁོར་ཕྱོགས་ལ་ལྟ་ཞིབ་བྱེད་དགོས་པས། གོ་རིམ་དེ་ཡིས་དུས་ཡུན་རིང་པོར་གནོན་ཤུགས་ཐེབས་པའི་མཇིང་ཚིགས་ལ་བག་ཕེབས་ཀྱི་གོ་སྐབས་ཡག་ཤོས་འདོན་ཐུབ། མཇིང་པ་དང་ཕྲག་པའི་ཤ་གནད་ལའང་སྦྱོང་བརྡར་གང་ལེགས་ཐོབ་ནས། མཇིང་པ་དང་ཕྲག་པའི་ཕྲུམ་རུས་སྲ་མཁྲེགས་སུ་གཏོང་བ་དང་ངལ་དུབ་སེལ་བར་ཕན།

དེ་དང་མཉམ་དུ། ཤོག་བྱ་གཏོང་སྐབས་མཇིང་པའི་ཟུར་མང་པོར་འགུལ་སྐྱོད་ལེགས་པོ་བྱེད་ཐུབ་པ་དང་། མཇིང་ཚིགས་དང་སྒལ་ཚིགས། ཕྲུམ་རུས་ཀྱི་འཚོ་བཅུད་བརྗེ་རེས་ལ་སྐུལ་སྤེལ་བྱས་ཏེ། མཇིང་ཚིགས་རྒས་འགྱུར་དང་སྒལ་ཚིགས་འབུར་བ་སྔོན་འགོག་བྱེད་ཐུབ།

དེ་ལས་གཞན། ཤོག་བྱ་གཏོང་སྐབས་ངེས་པར་དུ་གཤམ་གྱི་གནད་འགའ་ལ་མཉམ་འཇོག་དགོས།

གཅིག ངེས་པར་དུ་ཁྲིམས་མཐུན་དང་བདེ་འཇགས་ཀྱི་ཁོད་ཡངས་ས་ནས་ཤོག་བྱ་བཏང་སྟེ། གློག་སྐུད་དང་ཆུ་རྒྱུན། ཐོག་ཁང་། ཞིང་ས་སོགས་ཀྱི་ས་ཁོངས་ལ་གཡོལ་དགོས།

གཉིས། དབྱར་དུས་ཉིན་མཚན་གྱི་དྲོད་གྲང་ཧེ་བག་ཅུང་ཆེ་བས། དྲོད་གྲང་གི་འགྱུར་ལྡོག་ལྟར་ལྭ་བ་དྲོན་པོ་གྱོན་དགོས་ལ། ཆར་འབབ་དུས་ཤོག་བྱ་གཏོང་མི་རུང་།

གསུམ། ཤོག་བྱ་གཏོང་བའི་དུས་ཚོད་ནི་སྔ་དྲོ་དང་ཕྱི་དྲོའི་ཚ་བ་མི་ཆེ་བའི་དུས་སྐབས་གདམ་ན་ལེགས།

བཞི། ཤོག་བྱ་བཏང་ན་མཇིང་ཚིགས་ཀྱི་ནད་ཡང་མོའི་ནད་རྟགས་སེལ་ཐུབ་པ་དང། གལ་ཏེ་ཁྱེད་ལ་རྐང་ལག་སྦྲིད་ནས་ཤེད་མེད་པའམ་མགོ་ཡུ་འཁོར་ནས་སྐྱུག་མེར་ལངས་པ། ན་ཟུག་དྲག་པོ་ལངས་པ་སོགས་མཇིང་ཚིགས་ཀྱི་ནད་རྟགས་ལྕི་མོ་མངོན་ཚེ། མཇིང་ཚིགས་ལ་གནོད་པའི་འགུལ་སྐྱོད་གཏན་ནས་བྱེད་མི་རུང་བར་དུས་ཐོག་ཏུ་སྨན་པར་སྟོན་དགོས།

ལྔ། གལ་ཏེ་ཁྱེད་ཀྱིས་རང་ཉིད་ཀྱི་མཇིང་ཚིགས་ནད་ཀྱི་གནས་ཚུལ་གསལ་བོར་མི་ཤེས་ཚེ། དུས་ཐོག་ཏུ་ཆེད་ལས་སྨན་པར་འདྲི་ཞིབ་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号