《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》ཀྱི་པོད་གསུམ་པའི་སྟོད་ཆ་པར་འགྲེམས་བྱས།
ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》པོད་གསུམ་པའི་སྟོད་ཆ་དེ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་ཤིང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་བཀྲམ།
《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》པོད་གསུམ་པ་རྩོམ་སྒྲིག་བྱས་པ་ནི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》པོད་དང་པོ་དང་གཉིས་པའི་རྗེས་ཀྱི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་བརྗེའི་གདུང་རབས་རྒྱུན་མཐུད་ངང་འབྲི་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། རྩོམ་སྒྲིག་ལས་དོན་ལ་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།
《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》པོད་གསུམ་པའི་སྟོད་ཆའི་ཐོག1978ལོའི་ཟླ12པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས1989ལོའི་ཟླ6པའི་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་བཀོད་ཡོད་ཅིང་། ཡིག་འབྲུ་འབུམ་བཞི་དང་ཁྲི་གཉིས་ཙམ་དང་པར་རིས36ཙམ་བསྡུས་པའི་ཁྲོད། བློ་མཐུན་ཏིན་ཞའོ་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཡོད་ཅིང་། ཅི་ཞིག་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱེད་པའི་རྩ་བའི་གནད་དོན་དེར་དམིགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ། འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་ཉམས་མྱོང་དང་བསླབ་བྱ་དཔྱད་གཞིར་འཛིན་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལེགས་འགྲུབ་ངང་བཏོད་པ་དེ་གཙོ་གནད་དུ་མཚོན་ཡོད།
དེབ་དེའི་རྩོམ་སྒྲིག་ལས་དོན་ཐད་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་དང་ལྷག་པར་དུ《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》བརྩི་སྲུང་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་མིན་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་འཕེལ་ཕྱོགས་གཙོ་བོའི་ངོ་བོ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ཏང་གི་ལོ་རྒྱུས་དང་ཏང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་བསྡུ་ལེན་གང་ལེགས་བཅས་བྱས་ཏེ། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིག་གཞུང་གི་རང་བཞིན། གསོན་ཉམས་རང་བཞིན་བཅས་གཅིག་ཏུ་འདུས་ཅི་ཐུབ་བྱས་ཡོད། དེབ་དེ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པའི་ཏང་གི་ལོ་རྒྱུས་ལ་ངོས་འཛིན་ཡང་དག་བྱེད་ཆེད་དབང་གྲགས་ལྡན་པའི་མ་དེབ་མཁོ་འདོན་བྱས་ཤིང་། 《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་རྨང་གཞིའི་སློབ་གཞི་གསར་པ་མཁོ་འདོན་བྱས་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། ངར་ཤུགས་འཕེལ་བ། བློ་གྲོས་འཕེལ་བ་བཅས་དང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注