ཀྲུང་དབྱང་ཞང་ཀང་དང་ཨའོ་མིན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མིན་ལས་དོན་གཞུང་སྒྲུབ་ཁང་གིས《ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྣེ་ཁྲིད་དེ་བརྟན་པོའི་ངང་ཡུན་རིང་ལ་སྤེལ་དགོས》ཞེས་པའི་རྩོམ་ཡིག་སྤེལ།

ཟླ12པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཞང་ཀང་དང་ཨའོ་མིན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མིན་ལས་དོན་གཞུང་སྒྲུབ་ཁང་གིས《ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྣེ་ཁྲིད་དེ་བརྟན་པོའི་ངང་ཡུན་རིང་ལ་སྤེལ་དགོས》 ཞེས་པའི་རྩོམ་ཡིག་སྤེལ། རྩོམ་ཡིག་ལས་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་ཏེ། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་དུ་གཟིགས་ཞིབ་གནང་བ་དེའི་སྟེང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་གྱིས་འཕེལ་རྒྱས་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་པར་ཚད་མཐོའི་ཁས་ལེན་གང་ལེགས་གནང་ཡོད་ཅིང་། ཨའོ་མིན་གྱི་ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པར་ཐུགས་ཁུར་ཟབ་བཞེས་གནང་ཡོད་ལ། ཨའོ་མིན་གྱིས་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་པར་མཛུབ་སྟོན་ཞིབ་ཚགས་གནང་བ་བཅས་གང་ལེགས་སྒོས་མཚོན་ཡོད། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་དུ་ཕེབས་པ་དེས། ཨའོ་མིན་གྱི་ལས་རིགས་སོ་སོར་དྲོད་ཁོལ་བསྩལ་བ་དང་སྐུལ་ལྕག་ཆེན་པོ་ཐེབས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ལས་དོན་དེར་ཚད་མཐོའི་དོ་ཁུར་དང་ཚུར་སྣང་ཆེན་པོ་བྱུང་ཡོད་ལ། དེ་ནི་ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྣེ་ཁྲིད་བྱས་པ་ཞིག་ཀྱང་རེད་ཅེས་བསྟན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号