ནད་དུག་རང་བཞིན་གྱི་སྙིང་ཤའི་ཚ་ནད།

རྒྱུ་རྐྱེན།

ནད་འདི་ནི་ནད་དུག་འགོས་པ་ལས་བསྐྱེད་པའི་སྙིང་ཤའི་ཚ་ནད་ཅིག་ཏུ་ངོས་འཛིན། ནད་དུག་འདི་ལ་རིགས་ཉི་ཤུ་ལྷག་ཡོད་ཅིང་། ནད་བྱུང་བའི་གནས་ལུགས་ནི་ཐོག་མར་ནད་དུག་གིས་ཐད་ཀར་སྙིང་གི་ཤ་གྲིམ་ཕྲ་ཕུང་ལ་རྒོལ་བ་ལས་བྱུང་ཞིང་། དེའི་རྗེས་སུ་ནད་དུག་གིས་རེད་པས་བསྐྱེད་པའི་ལུས་ཀྱི་ནད་འགོག་ནུས་ཤུགས་འཁྲུགས་པའི་འགྱུར་བ་ཞིག་ཏུ་འདོད་ཅིང་དབྱར་སྟོན་ལ་མཐོང་རྒྱུ་མང་།

ནད་རྟགས།

ནད་མ་བྱུང་སྔོན་དང་བྱུང་བའི་སྐབས་སུ་དབུགས་ལམ་གོང་མར་འགོས་ཕོག་བྱུང་བ་དང་ཁོག་པ་བཤལ་བའི་ནད་དུག་འགོས་པའི་ལོ་རྒྱུས་ཡོད་པ། རྒྱུན་དུ་ཐང་ཆད་པ། པགས་མདངས་སྐྱ་བོར་འགྱུར་བ། རྔུལ་མང་བ། བྲང་ཁོག་འཚང་བ། དབུགས་ཐུང་བ། མགོ་ཡུ་འཁོར་བ། སྙིང་གི་མདུན་ངོས་སུ་ན་བ།  རྐང་ལག་འཁྱགས་པ། ཤ་ན་བ་སོགས་ཀྱི་རྟགས་ཡོད་ཅིང་། ལ་ལ་སྙིང་གི་བརྒྱལ་ནད(休克)དང་ཀླད་སྙིང་འདུས་རྟགས་ཀྱིས་བརྟག་བཅོས་སུ་འོང་བ་དང་། ཡང་ལ་ལ་མྱུར་བའི་གྲོད་ཁོག་ན་བའི་རྗེས་སུ་ནད་འདི་འབྱུང་བ་དང་། སྙིང་ལ་བརྟག་ན་འཕར་གྲངས་མགྱོགས་པ། སྙིང་སྒྲ་དམའ་ཞིང་རྟུལ་ལ་རྟའི་རྨིག་འགྲོས་ལྟར་ཐོས་པ། སྙིང་འགྲོས་མི་སྙོམས་པ། སྙིང་ཆེ་རུ་གྱུར་པ་དང་ཁྲག་ཤེད་དམའ་ཞིང་རྩ་ཕྲ་ལ་མྱུར་བར་འཕར་བ་ཡིན། ཁྱེའུའི་མངོན་རྟགས་སུ་ཟས་མི་འདོད་པ། དམར་ནག་ཆགས་པ། མིག་གཉིས་ཧར་བ། ནུ་མ་མི་འདོད་པ། སྐྱུགས་པ། གཉིད་ཆེ་བ་ཡིན།

གསོ་ཐབས།

1 ཕྱི་ལུགས་གསོ་རིག་ལྟར་ན། སྤྱི་བཏང་གི་གསོ་བཅོས་ལ། ནད་བྱུང་མ་ཐག་གི་ཐོག་མའི་དུས་སུ་ངལ་གསོས་ཏེ་ནད་རྟགས་དང་སྙིང་གི་ཐིག་རིས་རྒྱུན་ལྡན་བརྟན་ཆགས་སུ་མ་སོང་བར་དུ་ངེས་པར་དུ་ངལ་གསོ་དགོས། དེའི་རྗེས་འགུལ་སྤྱོད་རིམ་བཞིན་ཆེ་རུ་བཏང་ཆོག དབུགས་ལམ་ལ་ཚད་པ་ཡོད་མཁན་དང་ཚ་རྒྱས་མཁན་ལ་སྲིན་འགོག་སྨན་རྒྱུ་བཀོལ་ནས་འགོས་ཕོག་ཉིན་བདུན་ནས་བཅུ་བར་ཚོད་འཛིན་བྱེད་དགོས། ནད་ཚབས་ལྕི་ཞིང་ཆེ་བ་རྣམས་མྱུར་དུ་སྨན་ཁང་ལ་སྐྱེལ་ནས་གསོ་བཅོས་བྱེད་དགོས།

2 བོད་ལུགས་གསོ་རིག་ལྟར་ན། གླ་རྩི་ལྔ་པ་དང་སྟོད་ལུགས་སྨན་སེར་ཆེན་མོ། གཡུ་ཐོག་ལྡུམ་བཞིའི་སྦྱོར་བ། སྤྱི་འཇོམས་རྡོ་རྗེ་ཅན། དྲང་སྲོང་ཨར་བརྒྱད། ཟུར་ལུགས་རིལ་སྔོན་སོགས་གང་འཚམ་བསྟེན་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号