མི་གཤིས་དབང་ཆ་ལ་ཁྱད་ཆོས་གང་དག་ཡོད།

མི་གཤིས་ཀྱི་དབང་ཆ་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་དགོས་ཏེ།

(1) སྔར་ཡོད་རང་བཞིན་ཞེས་པ་ནི་མི་གཤིས་དབང་ཆ་ནི་བྱེད་པོ་ལ་སྔར་ཡོད་ཀྱི་དབང་ཆ་ཡིན། མི་གཤིས་ཀྱི་དབང་ཆ་ཁ་ཤས་དམངས་དོན་གྱི་བྱེད་པོ་བྱུང་བ་དང་བསྟུན་ནས་རང་འགུལ་གྱིས་ཐོབ་པ་ཡིན་པས། དམངས་དོན་གྱི་བྱེད་པོ་དེས་བྱ་སྤྱོད་ག་གེ་མོ་ཞིག་སྤེལ་མི་དགོས་ལ། དོན་དངོས་དང་བྱ་སྤྱོད་གཞན་དག་ཆ་རྐྱེན་དུ་ཡང་མི་བརྩི། མི་སུ་ཡིན་རུང་སྐྱེས་མ་ཐག་དེས་རང་གི་ཚེ་སྲོག་དང་། ལུས་པོ། བདེ་ཐང་སོགས་མི་གཤིས་ཀྱི་དབང་ཆ་ལོངས་སུ་སྤྱད་ཆོག

(2) ཆེད་གཏོགས་རང་བཞིན་ཞེས་པ་ནི་མི་གཤིས་ཀྱི་དབང་ཆ་དེ་དམིགས་བསལ་གྱི་དབང་འཛིན་མཁན་ཁོ་ནར་ལོངས་སུ་སྤྱད་རྒྱུ་ཡིན་པ་ལས་དབང་ཆ་བྱེད་མཁན་དང་ཁ་བྲལ་མི་རུང་བར་ཟེར། མི་གཤིས་དབང་ཆ་ནི་ཆེད་གཏོགས་དབང་ཆ་ཡིན་ལ། དེ་ནི་མི་གཤིས་དབང་ཆ་དང་རྒྱུ་ནོར་དབང་ཆའི་ཁྱད་པར་གལ་ཆེན་ཞིག་ཡིན།

(3) འཇིག་རྟེན་གྱི་རང་བཞིན་ཞེས་པ་ནི་མི་གཤིས་ཀྱི་དབང་ཆ་དེ་འཇིག་རྟེན་གྱི་དབང་ཆ་ཡིན་པའི་ངོས་ནས་དབང་འཛིན་མཁན་ཕུད་མི་གཞན་ཚང་མས་དབང་འཛིན་མཁན་གྱི་མི་གཤིས་ཀྱི་དབང་ཆར་གནོད་འཚེ་གཏང་མི་ཆོག་པའི་འོས་འགན་འཁུར་དགོས།

(4) བཀོད་སྒྲིག་རང་བཞིན་ཞེས་པ་ནི་མི་གཤིས་དབང་ཆའི་དབང་འཛིན་མཁན་གྱིས་ཐད་ཀར་རང་གི་མི་གཤིས་ཁེ་ཕན་བཀོད་སྒྲིག་བྱས་ཆོག་ལ། ཁྲིམས་ལྟར་རང་གི་ཁེ་དབང་སྲུང་འཛིན་དང་ལག་བསྟར་བྱས་ཆོག་པས། མི་གཞན་གྱི་བྱ་སྤྱོད་དམ་འདོད་བློ་ལ་རམ་འདེགས་མི་དགོས་པར་རང་གི་འདོད་བློ་ཁོ་ནར་བརྟེན་ནས་ཁེ་དབང་མངོན་འགྱུར་བྱེད་ཐུབ།

(5) འགོག་སྲུང་རང་བཞིན་ཞེས་པ་ནི་མི་གཤིས་ཀྱི་དབང་ཆར་གནོད་འཚེ་ཕོག་རྗེས། དབང་འཛིན་མཁན་ལ་ཤུགས་རྐྱེན་མེད་པར་གཏོང་བ་དང་མཚན་སྙན་སླར་གསོ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཤིས་ཀྱི་དབང་ཆར་ཕུན་སུམ་ཚོགས་པར་སྲུང་སྐྱོང་བྱེད་དབང་ཡོད་པ་ལ་ཟེར།

(6) སྒོ་འབྱེད་རང་བཞིན་ཞེས་པ་ནི་མི་གཤིས་དབང་ཆ་ཕྱི་ལ་སྒོ་འབྱེད་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་དབང་ཆའི་མ་ལག་ཅིག་ཡིན། མི་གཤིས་དབང་ཆར་མ་གཞི་ནས་ཁྲིམས་བཀོད་རིང་ལུགས་ལག་བསྟར་བྱས་ཡོད་མོད། འོན་ཀྱང་མི་གཤིས་དབང་ཆའི་རིགས་ནི་བཀག་སྡོམ་དང་འགྱུར་བ་མེད་པ་ཞིག་མིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号