པྲོག་རྩའི་སྙིང་ནད།

རྒྱུ་རྐྱེན།

པྲོག་རྩའི་སྙིང་ནད(冠心病)ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་དེ། དཔེར་ན། ཁྲག་ཤེད་མཐོ་བ། ཚོ་ཆེ་བ། ཁྲག་ཞག་མཐོ་བ། གཅིན་སྙི་ཟ་ཁུ་སོགས་དང་། འཚོ་བ་རོལ་སྟངས་མི་ལེགས་པ་སྟེ་དུ་ཆང་ལ་རྒྱུན་དུ་རོལ་བ། སྣུམ་ཚིལ་དང་བཅུད་ཅན་གྱི་ཟས་སྐོམ་ཚུལ་མིན་དུ་བསྟེན་པ། འགུལ་སྐྱོད་དང་སྦྱོང་བརྡར་མི་བྱེད་པ། ཆང་བག་མེད་དུ་འཐུང་བ་དང་། གཞན་ཡང་རྟེན་ཕོ་མོ་དང་ན་ཚོད་ཆེ་ཆུང་། ཁྱིམ་རྒྱུད་སོགས་ལ་ཡང་འབྲེལ་བ་ཟབ་མོ་ཡོད།

ནད་རྟགས།

སྙིང་གཟེར་ནི་དུས་ཚིགས་བརྗེ་བ་དང་སེམས་ཁམས་ལ་འགྱུར་ལྡོག་བྱུང་བ།ཐེམ་སྐས་ལ་འཛེག་པ་དང་མི་ཐེག་པ་འཁུར་བ། བཤང་བ་འདོར་བ་སོགས་དྲག་ཤུལ་གྱི་ལས་བྱས་པ། བཟའ་བཏུང་ཆེ་བ། དུ་ཆང་བག་མེད་དུ་བསྟེན་པ་སོགས་ཀྱིས་ལྡང་བ་དང་། ན་ཡུན་སྐར་མ་བཅོ་ལྔ་ལས་མི་འདའ། གཙོ་བོ་སྙིང་ཁ་བཙིར་གནོན་ནམ། འཚངས་ཤིང་སྦོས་པའམ། དབུགས་གཅོད་པ་ལྟར་གཟེར་བར་མ་ཟད། ཕྲག་པ་གཡོན་པ་དང་དཔུང་སྟེང་དུ་འཕྲོས་ཏེ་ན་བ་དང་། སྤྱིར་བཏང་སྒྲོག་རུས་ཀྱི་དཀྱིལ་འོག་ཏུ་ལག་མཐིལ་ཙམ་གྱི་ས་རུ་ན་བ་དང་། དེ་ནས་སོག་པ་གཡོན་པ་དང་མཛུབ་ཆུང་གཡོན་པར་འཕྲོས་འགྲོ་བ་ཡིན། དེ་དང་མཉམ་དུ་རྔུལ་ཆུ་གྲང་མོ(冷汗)བཞུར་བ་དང་། སེམས་དངངས་པ། དབུགས་ཐུང་བ་སོགས་ཀྱི་མངོན་རྟགས་འབྱུང་། ཚབས་ལྕི་བའི་སྐབས་སུ་འཆི་ལ་ཉེ་བའི་སེམས་སྐྱེས་པ་ཡིན། སྙིང་གི་དབང་རྩའི་དབང་ནུས་ནད།(神经官能症)སོགས་ཀྱི་རྒྱུ་རྐྱེན་ལས་བསྐྱེད་པའི་བྲང་གཟེར་ནི་རྒྱུན་པར་ངལ་གསོ་བའི་སྐབས་འབྱུང་བ་དང་། ཆོས་ཉིད་ངེས་ཅན་མེད།

སྔོན་འགོག

1 སེམས་ཁམས་གཏན་འཇགས་སུ་གནས་དགོས་ལ། ཤིན་ཏུ་དགའ་བའམ་སྐྱོ་བ། ཡི་མུག་མི་རུང་།

2 སྨན་པའི་མཛུབ་སྟོན་འོག་འགུལ་སྐྱོད་རན་ཙམ་བྱེད་པ།

3 པྲོག་རྩའི་སྙིང་ནད་ཅན་ལ་གཅིན་སྙི་ཟ་ཁུའི་ནད་སྦྲགས་ཡོད་ན། ཟས་མ་ཟོས་དང་ཟས་རྗེས་ཀྱི་ཁྲག་ཞག་རྒྱུན་ལྡན་ལྟར་ཚོད་འཛིན་བྱེད་དགོས།

གསོ་ཐབས།

1 སྔར་གྱི་འཚོ་བའི་གོམས་སྲོལ་མི་ལེགས་པ་བསྒྱུར་ཏེ། དུ་ཆང་མི་བསྟེན་པ་དང་། སྣུམ་ཚིལ་དང་ཚྭ་ཉུང་བའི་ཟས་སྐོམ་བསྟེན་པ། འོས་འཚམ་གྱིས་སྦྱོང་བརྡར་བྱེད་པ། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ། 

2 སྨན་གྱིས་གསོ་བ་ལ་ཁྲག་འཆག་བཤིག་པའམ་འགོག་པ་དང་། སྙིང་གི་ལས་འགན་ཇེ་ཡང་དུ་གཏོང་བ། སྙིང་གི་ན་ཟུག་གཅོག་པའི་སྨན་བསྟེན་དགོས།

3 པྲོག་འདྲའི་འཕར་རྩའི་རྩ་སྦུབས་དོག་པོར་གྱུར་ན། སྒྲོམ་སྐྱོར་འཇོག་པ་དང་པྲོག་འདྲའི་འཕར་རྩའི་འགྲམ་ལམ་སྤོ་འཛུགས་ཀྱི་གཤག་བཅོས་བྱ་དགོས།

4 བོད་ལུགས་གསོ་རིག་ལྟར་ན། ཚིལ་ཞག་འཇུ་བ་དང་རླུང་ཁ་གནོན་པ། ཁྲག་གི་འཁོར་རྒྱུག་བདེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཁོང་སྨན་ལ་ཙན་དན་གསུམ་ཐང་དང་། བདུད་རྩི་བཅུ་གཅིག ཏང་ཀུན་བརྒྱད་པ། ཙན་དན་བཅོ་བརྒྱད། ད་ལི་བཅུ་དྲུག སེམས་བདེ། སེ་འབྲུ་ལྔ་པ། སེ་འབྲུ་ལྔ་པ། སེ་འབྲུ་དྭངས་གནས། སྲོག་འཛིན་བཅུ་གཅིག་སོགས་འབྲེལ་ཡོད་སྨན་རྣམས་གང་འཚམ་གྱིས་བསྟེན་དགོས།

5  ཟས་སྤྱོད་ཀྱིས་བཅོས་པ་ལ། ཕྱི་ལུགས་གསོ་རིག་ལྟར་ན། སྤྱིར་རོ་དང་བྲོ་བ་ཆུང་བ་དང་སྤྲི་དཀར་རྫས་ལྡན་པའི་ཉ་ཤ་སོགས་གཙོ་ཆེར་བསྟེན་དགོས་ལ། ཤིན་ཏུ་འགྲངས་ཆེར་མི་རུང་། ཤ་ཚོན་པོ་དང་ཚིལ། ནང་ཁྲོལ། མར། སྒོ་ང་། མངར་ཟས། ཁྲོག་ཁུ་ལ།(巧克力)ཚྭའི་རིགས་མི་འཕྲོད་པས་སྤང་པ་དང་། སྤྲིས་མ་ལངས་པའི་འོ་མ་དང་། སྒོང་སྤྲིས།(蛋清)ཕག་དང་ནོར་ལུག་གི་ཤ་སྣག བྱ་ཤ ཉ་ཤ(མཚོ་ཉ)རི་བོང་ཤ ཤ་མོང་། སྲན་བཤོས།(蛋制品)སྔོ་ཚོད་དང་སིལ་ཏོག་གསར་བ། ཇ་འཕྲོད་པས་གང་འཚམ་བསྟེན་ཆོག སྤྱོད་ལམ་གྱིས་བཅོས་པ་ལ། ནམ་རྒྱུན་ཁེར་རྐྱང་དུ་མི་སྡོད་པར་འདུ་ཚོགས་དང་རོལ་རྩེད་སྣ་ཚོགས་ལ་ཞུགས་པའམ། དཔེ་ཆ་ཀློག་པ་དང་ཡི་གེ་དང་རི་མོ་འབྲི་བ། རོལ་མོ་ལ་ཉན་པ་སོགས་གང་ནུས་ཀྱིས་སེམས་རྒྱ་ཆེན་པོས་འཚོ་བ་སྐྱིད་པོར་རོལ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号