ཆམ་རིམས་རིལ་བུའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

ཆམ་རིམས་རིལ་བུ།(ལོ་གྱོན་རིལ་བུ།) 

ཨ་རུ་སྲང་གང་ཞོ་ལྔ།  རུ་རྟ་ཞོ་ལྔ།  མ་ནུ་ཞོ་དྲུག  ལི་ཤི་ཞོ་གཉིས།  སུག་སྨེལ་ཞོ་དོ།  བྱི་ཏང་ཀ་ཞོ་ལྔ།  ཤིང་ཀུན་སྐར་བརྒྱད།  ཤུ་དག་ཞོ་བརྒྱད།  ཐར་ཁཎ་ཞོ་ལྔ།  གུལ་ནག་ཞོ་བརྒྱད།  འབྲུག་རུས་ཞོ་ལྔ།  སླེ་ཏྲེས་སྲང་གང་།  ཆུ་རྩ་སྲང་གང་།  རྒྱ་ཏིག་སྲང་གང་།  མིང་ཅན་ནག་པོ་མེ་ཏོག་སྲང་གང་ཞོ་གསུམ།  སྟག་ཤ་ཞོ་བརྒྱད།  པར་པ་ཏ་སྲང་གང་།  བོང་དཀར་སྲང་གང་།  སྨན་ཆེན་ཞོ་ལྔ།  གླ་རྩི་སྐར་གཅིག གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཆམ་རིམས་རིལ་བུ་བཟི་དང་བསིལ་གཉིས་འབྲིང་།  ཆམ་པ་གཉན་རིམས་འདུས་ལ་རྒྱས་པ་ཡིས།  རུས་ཚིགས་གཟེར་ཞིང་མགོ་གཟེར་གྲང་ཤུམ་བྱེད།  ལུས་འདར་གཉིད་གཡེར་སྐོམ་དད་ཚ་དྲོད་ཆེ།  སྣ་དང་གྲེ་བ་ཚ་ཞིང་འགག་པ་དང་།  སྣ་ཆུ་འཛག་ཅིང་གློ་དང་ཧབ་སྦྲིད་མང་།  ནུ་མ་སྐྲངས་དང་རིམས་ཚད་སྨད་དུ(གྲུམ་བུ་བར་རྟ།)ལྷུངས།  ཆམ་རིམས་གཉན་ཚད་འགོས་ནད་རིགས་ལ་ཕན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号