ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཞང་ཀང་དང་ཨའོ་མིན་གྱི་ལས་རིགས་སོ་སོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
ཟླ12པའི་ཚེས20ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བ་རེད། ཞང་ཀང་དང་ཨའོ་མིན་གྱི་ལས་རིགས་སོ་སོའི་མི་སྣས་འདོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ཞང་ཀང་དང་ཨའོ་མིན་གྱིས་དུས་རབས་གསར་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་འགན་འཁྲི་གལ་ཆེན་སྔར་ལས་ལེགས་པའི་སྒོ་ནས་འཁུར་རྒྱུར་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བསྣན་ཡོད་ཟེར།
ཨའོ་མིན་གྱི་ལས་རིགས་སོ་སོའི་མི་སྣས་འདོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་བཞེས་འོག་ཏུ། མིག་སྔའི་ཨའོ་མིན་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་དཔལ་འབྱོར་དར་རྒྱས། གྲོང་མི་བདེ་སྡོད་ལས་བརྩོན། སྣ་མང་རིག་གནས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གོང་འཕེལ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚང་མར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་གང་ལེགས་ཡོང་བར་བྱས་ནས། ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྔར་ལས་སྐུལ་མ་ཆེན་པོ་ཐེབས་ཡོད་ཟེར།
ཨའོ་མིན་གྱི་ལས་རིགས་སོ་སོའི་མི་སྣས་འདོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་ལ་རེ་བ་ནན་མོ་བཏོན་པ་དེས། ཨའོ་མིན་གྱི་ལས་རིགས་སོ་སོའི་སྒུལ་ཤུགས་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་ཡོད་ལ། ཚང་མས་སྔར་ལས་གོམ་སྟབས་བརྟན་པོ་སྤོས་ཏེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན་ཟེར།
ཞང་ཀང་གི་མི་སྣས་འདོད་དོན། རྒྱལ་ཁབ་ནི་ཞང་ཀང་དང་ཨའོ་མིན་གྱི་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པའི་རྒྱབ་རྟེན་བཀན་མོ་ཡིན་པས། ཞང་ཀང་གི་ལས་རིགས་སོ་སོས་སེམས་མཐུན་སྟོབས་སྒྲིལ་སྒོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注