ཨ་རིས་ཁྲིམས་གཞི་འདིར་འདེམས་ཤོག་འཕེན་རྒྱུ་རེད།
ཟླ་12ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་ཚོགས་ཀྱིས་མ་འོངས་པའི་ཉིན་འགའི་ནང་ཨ་རིས་ཀྲུང་གོར་མ་དངུལ་གཏོང་བར་ཚོད་འཛིན་བྱེད་པའི་ཁྲིམས་གཞིར་འདེམས་ཤོག་འཕེན་རྒྱུ་ཡིན་པ་དང་། དེའི་ནང་དུ་“ཀྲུང་གོས་ཨ་རིའི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་”རྣམ་གྲངས་ཁ་ཤས་ཚུད་ཡོད། དེའི་ཐད་ཁྱོད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།
ལིན་ཅན་གྱིས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་བར་གཉིས་ཁེ་གཉིས་ཕན་བྱུང་ན་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ། རྒྱལ་ཁབ་ཀྱི་བདེ་འཇགས་གོ་དོན་སྤྱི་ཁྱབ་ཅན་དུ་འགྱུར་བ་དང་། ཆབ་སྲིད་ཀྱི་དམིགས་ཡུལ་ལ་བརྟེན་ནས་རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་བྱེད་མཁན་ལ་འགོག་རྐྱེན་བཟོ་བའི་བྱེད་སྟངས་དེ་ཨ་རི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འུད་བསྟོད་བྱེད་པའི་ཁྲོམ་རའི་དཔལ་འབྱོར་དང་། འགྲན་རྩོད་དྲང་གཞག རང་མོས་ཉོ་ཚོང་བཅས་ཀྱི་རྩ་དོན་དང་འགལ་བ་དང་། འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་བརྟན་པོ་ཡོང་བར་དཀྲུག་རྐྱེན་བཟོས་པས་ཕྱོགས་གང་གི་ཁེ་ཕན་དང་ཡང་མི་མཐུན་པ་རེད་ཅེས་བཤད།
ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྲིད་ཚོང་པར་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་བསྒྱུར་མཚམས་བཞག་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ལ་ཆ་རྐྱེན་དགོས་ངེས་གཏོད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注