རུལ་སུངས་པ་འདི་བཟུང་འདུག

ཉེ་ཆར། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོ་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གི་གཅིག་གྱུར་མཐུན་སྦྱོར་འོག པེ་ཅིང་གྲོང་ཁྱེར་ལྟ་ཞིབ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཁྲིམས་འཛིན་ལས་ཁུངས་དང་མཉམ་ལས་བྱས་པ་བརྒྱུད། ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ལས་ཐོག་ཉེས་གསོག་དོགས་ཅན་ཅང་ཕེང་ཅུས་ཀྱིས་མངའ་ཁོངས་ཕྱི་རོལ་དུ་རང་ཉེས་ངོས་ལེན་ཞུས་པ་མ་ཟད་རྒྱལ་ནང་དུ་ཕྱིར་བསྐྱལ་བ་རེད།

ཅང་ཕེང་ཅུས། སྐྱེས་པ། 1978ལོའི་ཟླ་1པོར་སྐྱེས། པེ་ཅིང་འབྲུ་རིགས་ཚོགས་པའི་འགན་འཁྲི་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡིན་ཞིང་། ལས་ཐོག་ཉེས་གསོག་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། 2023ལོའི་ཟླ་11པར་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བ་རེད། 2024ལོའི་ཟླ་4པར། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེའི་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད། གྱོད་སྒྲུབ་ལས་ཁུངས་ཀྱིས་བྲོས་འདེད་དངུལ་འདེད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ནས་ཅང་ཕེང་ཅུས་ཡིས་མངའ་ཁོངས་ཕྱི་རོལ་དུ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་རྒྱུར་སྐུལ་འདེད་བཏང་བ་རེད།

ཀྲུང་དབྱང་བྲོས་འདེད་གཞུང་དོན་ཁང་གི་འགན་འཁུར་བས་བཤད་དོན། ཅང་ཕེང་ཅུས་ཁྲིམས་ལ་སྦྱར་བ་ནི“གནམ་དྲའི་བྱ་སྤྱོད”རྒྱུན་མཐུད་ངང་སྤེལ་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། ང་ཚོས་བྲོས་བྱོལ་ཡོད་ན་ངེས་པར་དུ་བདའ་འདེད་དང་བདའ་འདེད་མཐར་ཕྱིན་པ་བྱ་རྒྱུ་རྒྱུན་འཁྱོངས་དང་། བྲོས་བྱོལ་བདའ་འདེད་དང་བྲོས་བྱོལ་སྔོན་འགོག བརྐུས་དངུལ་བདའ་འདེད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་ཁྲིམས་འཛིན་ཁྲིམས་བསྟར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་རུལ་སུངས་པ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་ཏེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号