སི་ལོ་ཝ་ཁིའི་ཙུང་ལི་ཡིས་ཕུའུ་ཅིན་གྱིས་མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་ལ་ཨུ་རུ་སིའི་རང་བྱུང་སོལ་རླངས་མཁོ་འདོན་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར།

སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ཚེས22ཉིན་བཤད་རྒྱུར། ཁོས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་བྱ་བའི་གྲོས་མོལ་བྱས་པ་དང་། ཕུའུ་ཅིན་གྱིས་མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཨུ་རུ་སིའི་རང་བྱུང་སོལ་རླངས་མཁོ་འདོན་བྱེད་འདོ་དཡོད་པའི་ཚུལ་བསྟན་ཡོད་ཟེར།

ཧྥེ་ཙོ་ཡིས་ཉིན་དེར་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་དང་སི་ལོ་ཝ་ཁི་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར།

ཧྥེ་ཙོ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་གི་ཝུའུ་ཁི་ལན་གྱིས་རང་གི་མངའ་ཁོངས་བརྒྱུད་དེ་སི་ལོ་ཝ་ཁི་ལ་ཨུ་རུ་སིའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པར་ངོ་རྒོལ་བྱས་པར་རྒོལ་ལན་སྤྲད། ཙེ་ལེན་སི་ཅི་ཡི་རྣམ་འགྱུར་ཐད་ནས། སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གན་རྒྱའི་ཡུན་ཚད་ལོངས་རྗེས་ཨུ་རུ་སིའི་རང་བྱུང་སོལ་རླངས་དེ་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་ནས་སྐྱེལ་འདྲེན་བྱེད་པ་དཔེ་མི་སྲིད་ཟེར།

ཧྥེ་ཙོ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་དཔོན་རིགས་ཀྱིས་དེའི་སྔོན་ཁོས་མའོ་སི་ཁོ་རུ་འཚམས་འདྲི་བྱེད་པའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ཤེས་ཡོད་པ་དང་། དེ་ལས་གཞན་ཁོ་དང་ཕུའུ་ཅིན་གྱིས་ད་རུང་སྔ་མོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བ་དང་། སི་ལོ་ཝ་ཁི་དང་ཨུ་རུ་སིའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号