སྙིང་རྩ་ཇི་ལྟར་བདེ་ཐང་ཡིན་ན་ཀླད་པ་དེ་ལྟར་གཞོན་པ་ཡིན།

དེ་སྔའི་ཞིབ་འཇུག་ལས་མངོན་པ་ལྟར་ན། སྙིང་རྩའི་བདེ་ཐང་གི་གནས་ཚུལ་དེ་ཤེས་རྟོགས་ནུས་པ་མར་ཆག་པ་དང་ཧོན་ལོག་པའི་ནད་ལ་འབྲེལ་བ་ཡོད་པ་རེད།  

ཉེ་ལམ། ཐེན་ཅིན་གསོ་རིག་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་ཞུས་ཝེ་ལི་སོགས་ཀྱི་ཞིབ་འཇུག་དཔྱད་འབྲས་ལས་མངོན་པ་ལྟར་ན། སྙིང་རྩའི་བདེ་ཐང་གི་དམིགས་ཚད(ཚེ་སྲོག་གི་གནད་ཆེའི་རྒྱུ་རྐྱེན་བརྒྱད)དཔྱད་སྐར་ཅུང་དམའ་བའི་མིའི་ཀླད་པའི་ལོ་ཚོད་ཅུང་ཆེ་ལ། ཀླད་པའི་ལོ་ཚོད་བར་ཁྱད(དཔྱད་དཔོག་བྱས་པའི་ཀླད་པའི་ལོ་ཚོད་དང་ལོ་ཚོད་དངོས་ཀྱི་བར་ཁྱད)ཀྱང་ཅུང་ཆེ་བ་སྟེ། མི་དར་མ་རྣམས་ལའང་དེ་ལྟར་ཡིན་འདུག 

ཞིབ་འཇུག་འདིས་ཚོད་ལྟར་ཞུགས་མཁན་གྱི་མི་རྣམས་ལ་ཞིབ་འཇུག་ཏུ་མ་ཞུགས་སྔོན་གྱི་ལོ9ཡི་གོང་ནས་བཟུང་ཀླད་པའི་རྡུལ་སྡུད་ལྷན་འགུལ་བརྟག་དཔྱད་བྱེད་དུ་བཅུག་སྟེ། ཁོ་ཚོའི་ཀླད་པའི་གྲུབ་ཚུལ་དང་བྱེད་ནུས་ལ་དཔྱད་དཔོག་བྱས་ཤིང་། དབང་རྩའི་བརྙན་གྲུབ་དཔེ་དབྱིབས6གི་དམིགས་ཚད1079སྤྱད་དེ་ཀླད་པའི་ལོ་ཚོད་ལད་བཟོ་བྱས། དེ་རྗེས། ཞིབ་འཇུག་པས་བདེ་ཐང་གི་ཚོད་ལྟར་ཞུགས་མཁན4355ཡི་ཁྲོད་ནས་དཔེ་དབྱིབས་བཟོས་ཏེ། མི་ཚོགས་ཧྲིལ་བོའི་ཀླད་པའི་ལོ་ཚོད་དང་ཀླད་པའི་ལོ་ཚོད་བར་ཁྱད་རྩིས་བརྒྱབ་པ་རེད། 

དབྱེ་ཞིབ་ལས་མངོན་པ་ལྟར་ན། དཔྱད་སྐར་ཅུང་མཐོ་བའི་མིའི་ཀླད་པའི་ལོ་ཚོད་ཅུང་ཆུང་བ་དང་། ཀླད་པའི་ལོ་ཚོད་ཀྱི་ལྡོག་གྲངས་དེ་བས་ཆེ།(ཀླད་པའི་ལོ་ཚོད་དེ་དོན་དངོས་ཀྱི་ལོ་ཚོད་ལས་ཆུང་། )

སྙིང་རྩའི་བདེ་ཐང་དཔྱད་སྐར་ཅུང་མཐོ་བའི་མི་དང་བསྡུར་ན། སྙིང་རྩའི་བདེ་ཐང་དཔྱད་སྐར་ཅུང་དམའ་བའམ་འབྲིང་ཙམ་ཅན་གྱི་མིའི་ཀླད་པའི་ལོ་ཚོད་ཅུང་ཆེ་བར་མ་ཟད་ཀླད་པའི་ལོ་ཚོད་བར་ཁྱད་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། 

མི་དར་མ་དང་རྒན་པ་གང་ཡིན་ཡང་། སྙིང་རྩའི་བདེ་ཐང་གི་དཔྱད་སྐར་དམའ་བ་དེ་ཀླད་པའི་ལོ་ཚོད་དང་ཀླད་པའི་ལོ་ཚོད་བར་ཁྱད་ཅུང་ཆེ་བ་ལ་འབྲེལ་བ་མངོན་གསལ་ཡོད། ཞིབ་འཇུག་འདིའི་དཔྱད་འབྲས་ཀྱིས་སྙིང་རྩའི་བདེ་ཐང་གནས་ཚུལ་ལེགས་སྒྱུར་བྱས་ན་ཀླད་པའི་བདེ་ཐང་ལ་སྐུལ་འདེད་གཏོང་ཐུབ་པ་གསལ་བཤད་བྱས། 

ཚེ་སྲོག་གི་གནད་ཆེའི་རྒྱུ་རྐྱེན་བརྒྱད་ནི་དུ་བ་མི་འཐེན་པ་དང་ལུས་པོའི་ལྗིད་ཚད་ཚད་ལས་མི་བརྒལ་བའམ་ཚོ་མི་འབུད་པ། ཆོས་ཉིད་ལྡན་པའི་འགུལ་སྐྱོད། བདེ་ཐང་གི་བཟའ་བཏུང་། ཁྲག་ཤེད་དང་ཁྲག་ཚིལ། ཁྲག་མངར་བཅས་རྒྱུན་ལྡན་ཡིན་པ། གཉིད་བདེ་བ་སོགས་ཡིན།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号