འཕྱི་བར་ཐུག་ན་བྱི་རིམས་འགོ་ཉེན་ཆེ་བས། འཕྱི་བ་དང་རིང་དུ་གྱེས་རོགས།
ད་ལོར་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་དང་རྩྭ་ཐང་དུ་རྩེད་མོ་རྩེ་བར་འགྲོ་རྒྱུའི་གདམ་ག་བྱས་པ་དང་། ཐད་གཏོང་མཁན་རེ་གཉིས་ཀྱིས"དྲ་གྲགས་ས་འོག་ཙི་གུ"ཟས་སྟེར་བའམ་ཐུག་རེག་བྱེད་པའི་བརྙན་པར་མང་བོ་སྤེལ་ཡོད། འོན་ཀྱང་ཁོ་ཚོས་དེར་མངོན་མེད་ཉེན་ཁ་ཆེ་བ་གཏན་ནས་ཤེས་ཀྱིན་མེད། རིམས་འགོག་ཆེད་མཁས་པས་དྲན་སྐུལ་བྱས་དོན། ས་འོག་ཙི་གུ་ལ་འཕྱི་བ་ཡང་ཟེར་ལ། དེ་ནི་བྱི་རིམས་འབྱུང་གནས་ཀྱི་སྲོག་ཆགས་གཙོ་བོ་ཡིན་པས། བྱི་རིམས་གནས་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་ཡུལ་སྐོར་ལ་འགྲོ་སྐབས། ངེས་པར་དུ་འཕྱི་བ་དང་བར་ཐག་རིང་དུ་གྱེས་དགོས་ཏེ། འཕྱི་བས་སྡེར་འབྲད་དང་སོ་འདེབ་པ་སོགས་མི་འབྱུང་བ་བྱས་ཏེ་བྱི་རིམས་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས།
རང་རྒྱལ་དུ་བྱི་རིམས་རིགས12ཀྱི་རང་བྱུང་འབྱུང་ཁུངས་ཡོད་པ་དང་། དེའི་ནང་གི་རིགས་གཅིག་ནི་ཧི་མ་ལ་ཡའི་འཕྱི་བའི་བྱི་རིམས་ཀྱི་རང་བྱུང་འབྱུང་ཁུངས་ཡིན་པ་དང་། དེ་ནི་མཚོ་སྔོན་དང་ཀན་སུའུ། ཤིན་ཅང་། བོད་ལྗོངས། སི་ཁྲོན་བཅས་ཀྱི་མཐའ་ཡས་པའི་མཐོ་སྒང་དང་རྩྭ་ཐང་། རི་ཁུལ་བཅས་སུ་ཁྱབ་ཡོད།
ཀན་སུའུ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྨན་པ་འབུམ་རམས་པ། ཀན་སུའུ་ཞིང་ཆེན་ས་གནས་ནད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཞི་ཅིན་ཞའོ་ཡིས་བཤད་རྒྱུར། འཕྱི་བའི་ལུས་སྟེང་དུ་རང་རྒྱལ་གྱི་འགོ་ནད་ཀ་པའི་རིགས་ཏེ། བྱི་རིམས་སྐུང་ཡོད། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། འཕྱི་བ་ཚུད་པའི་རི་སྐྱེས་སྲོག་ཆགས་ཀྱི་སྣ་ཁ་དང་ཁ་གྲངས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། ཡུལ་སྐོར་བས་རྩྭ་ཐང་དུ་འཕྱི་བ་མཐོང་བ་དང་འཕྱི་བར་རེག་པའི་གོ་སྐབས་ཀྱང་ཇེ་མང་དུ་སོང་ཡོད། མིའི་རིགས་ལ་བྱི་རིམས་འགོག་པའི་ལྷན་སྐྱེས་རིམས་ཐར་ནུས་ཤུགས་མེད་སྟབས། གལ་ཏེ་བྱི་བ་དང་འཕྱི་བ་སོགས་སྲོག་ཆགས་ལ་རེག་པ་དང་ཟས་བྱིན་ཚེ། བྱི་རིམས་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཟེར།
ཞི་ཅིན་ཞའོ་ཡིས་བཤད་རྒྱུར། བྱི་རིམས་ནི་མི་དང་གཅན་གཟན་གཉིས་ཀར་ཕོག་པའི་རང་བྱུང་རིམས་ནད་ཀྱི་འབྱུང་ཁུངས་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། ནད་ཕོག་ཚད་མགྱོགས་པ་དང་འགོས་ཚད་མགྱོགས་པ། ཤི་ཚད་མཐོ་བ་བཅས་ཡིན། བྱི་རིམས་ནི་བྱི་རིམས་འབུ་ཕྲ་ལས་བྱུང་བའི་འགོས་ནད་དྲག་པོ་ཞིག་རེད། ནུབ་བྱང་རྩྭ་ཐང་དུ་བྱི་རིམས་འབྱུང་བའི་ཉེན་ཁ་ཅུང་ཆུང་མོད། འོན་ཀྱང་བྱི་རིམས་ཀྱི་རང་བྱུང་རིམས་ནད་འབྱུང་ཁུངས་དང་ལྷག་པར་སྲོག་ཆགས་ཀྱི་རིམས་ནད་མང་པོའི་ས་ཁོངས། འཕྱི་བ་དང་བྱི་བ་རྒྱུན་དུ་འགྲོ་འོང་བྱེད་པའི་གནས་སོགས་སུ་འགོས་ནད་ཀྱི་ཉེན་ཁ་ཡོད་ཟེར།
ཞི་ཅིན་ཞའོ་ཡིས་བཤད་རྒྱུར། ཡུལ་སྐོར་བས་རྩྭ་ཐང་དུ་ཡུལ་སྐོར་བྱེད་སྐབས་ནད་ཀྱིས་ཤི་བའི་བྱི་བའི་རིགས(འཕྱི་བ་ཚུད)དང་རི་བོང་། ཝ་མོ། སྤྱང་ཀི། ཁྱི། ཞི་ལ་སོགས་སྲོག་ཆགས་དང་ཐུག་རེག་མི་བྱེད་པ་ལས། པགས་པ་བཤུ་བ་དང་ཤ་བཟའ་བ་སོགས་གཏན་ནས་བྱེད་མི་རུང་ལ། གཞན་ཡང་ཡུལ་སྐོར་བས་ཕུ་རུང་རིང་བའི་ལྭ་བ་གྱོན་ན་འབུ་དང་ལྗི་བ་སོགས་ཀྱིས་སོ་བཏབ་ནས་བྱི་རིམས་འགོས་པར་སྔོན་འགོག་བྱེད་ཐུབ་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注